འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིར་ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་སྤུས་དག་འགྲེམས་སྟོན་ལ་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། ལན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་དང་། ལན་ཀྲོའུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། ཀན་སུའུ་ཧྭ་ཡོན་རིག་གནས་ཐོན་ལས་ཚོགས་པ་བཅས་ཀྱིས་གཉེར་འགན་འཁུར་བའི“ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་སྤུས་དག་འགྲེམས་སྟོན”གྱི་རྒྱལ་སྤྱིའི་སྐོར་བསྐྱོད་འགྲེམས་སྟོན་ཨ་རིའི་མའེ་ཨ་སྨི་ཀོང་ཕུའུ་རྒྱལ་སྤྱིའི་སྒྱུ་རྩལ་འགྲེམས་སྟོན་ཐོག་སྟོན་པས་སྒྲིག་འཛུགས་ཨུ་ལྷན་གྱིས་སྤྲད་པའི“2016ལོ་འཁོར་གྱི་རྒྱལ་སྤྱིའི་འགྲེམས་སྟོན་རྩེ་གྲའི་བྱ་དགའ”ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི“ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་སྤུས་དག་འགྲེམས་སྟོན”གྱི་རྒྱལ་སྤྱིའི་སྐོར་བསྐྱོད་འགྲེམས་སྟོན་གྱི་ས་ཚིགས་གཉིས་པའི་བྱེད་སྒོའི་ཐོག་མུ་མཐུད་ནས“ཤེས་དཔལ་བརྒྱུད་སྤྲོད་དང་། སྒྱུ་རྩལ་མཉམ་སྤྱོད”ཀྱི་དགོངས་དོན་རྒྱུན་འཛིན་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀན་སུའུ་རིག་གནས་ཀྱི་ནང་དོན་གཙོ་བོར་བྱས་པ་དང་རྒྱལ་ནང་གི་སྒྱུ་རྩལ་གྱི་ལག་རྩལ་རྩེར་སོན་གཞི་རྟེན་དུ་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་སྒྱུ་རྩལ་གར་སྟེགས་ཐོག་ཀྲུང་གོའི་དར་གོས་ལམ་བུའི་ལོ་རྒྱུས་རྗེས་ཤུལ་དང་། ཡུལ་གོམས་གཤིས་ལུགས། སྒྱུ་རྩལ་གྱི་ཉམས་སྣང་བཅས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། མཇུག་ཏུ་རྒྱལ་ཁབ་ཁག་གི་གྲོགས་པོའི་བསྔགས་བརྗོད་ཀྱི་སྒྲའི་ཁྲོད་ད་རེས་ཀྱི་སྤུས་དག་འགྲེམས་སྟོན་ལ་སྒྲིག་འཛུགས་ཨུ་ལྷན་གྱིས་སྤྲད་པའི“2016ལོ་འཁོར་གྱི་རྒྱལ་སྤྱིའི་འགྲེམས་སྟོན་རྩེ་གྲའི་བྱ་དགའ”ཐོབ་པ་མ་ཟད། 2017ལོའི་འགྲེམས་ཚོགས་ལ་ཡོང་རྒྱུའི་སྒྲིག་འཛུགས་ཨུ་ལྷན་གྱི་གདན་ཞུ་སླར་ཡང་འབྱོར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།