འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་པར་རིས་འགྲེམས་སྟོན་སྐབས་དང་པོ་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྣོད་བཅུད་རིག་གནས་དར་སྤེལ་དང་མཛེས་ལྡན་བོད་ལྗོངས་འཛུགས་སྐྲུན་བྱས་ནས། བོད་ཀྱི་ནགས་ལས་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་བླངས་པའི་གྲུབ་འབྲས་ཟིན་ཐོར་བཀོད་དེ། བདེན་དཔང་བྱེད་ཆེད་དང་ཡང་ན་མི་སྔར་བས་མང་པོ་ཞིག་ལ་པར་ལེན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཟུར་ངོས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཤེས་རྟོགས་བྱེད་དུ་འཇུག་པ་དང་། མི་རྣམས་ལ་རང་གི་མིག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་རྒྱུའི་འབོད་སྐུལ་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས། བོད་ལྗོངས་དཔེ་མཛོད་ཁང་དུ“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་ནགས་ལས་པར་རིས་འགྲེམས་སྟོན་སྐབས་དང་པོ་གཉེར་འགོ་ཚུགས་པ་རེད།
            གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི་ནགས་ཚལ་ཐོན་ཁུངས་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས། འདམ་ར་སྲུང་སྐྱོང་གྲུབ་འབྲས། ནགས་བཟོ་སྔོ་འགྱུར། བྱེ་འགོག་བྱེ་བཅོས། རྨོ་བསྐྱུར་ནགས་གསོ་སོགས་ནགས་ལས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱེད་ཆེད། འདི་ལོའི་ཟླ་6པར། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་གཙོ་གཉེར་དང་བོད་ལྗོངས་པར་ལེན་མཐུན་ཚོགས་ཀྱིས་རོགས་གཉེར་བྱས་པའི“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་ནགས་ལས་པར་རིས་འགྲན་བསྡུར་ཆེ་མོ་བྱེད་འགོ་ཚུགས་ཤིང་། ལོ་ཕྱེད་ཙམ་གྱི་རིང་། རྒྱལ་ཡོངས་ས་ཁུལ་ཁག་ནས་བསྐུར་ཡོང་བའི་རྩོམ་པ་པོ་143གྱི་བརྩམས་ཆོས་1700ལྷག་ཙམ་འབྱོར་པའི་ནང་། པར་རྐྱང་1119དང་པར་ཚན་122་གྱི་པར་རིས་636ཡོད་པ་རེད།
            བོད་ལྗོངས་པར་ལེན་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ཞིབ་དཔྱད་ཨུ་ལྷན་གྱིས། རྒྱལ་ཡོངས་ས་ཁུལ་ཁག་ནས་བསྐུར་ཡོང་བའི་པར་རིས་1700ལྷག་ཙམ་ལ་དཔྱད་འདེམས་ཐེངས་གསུམ་བྱས་མཐར། ལིའུ་པིན་གྱི་《ཐུན་མོང་གི་ཁྱིམ་གཞིས་》ལ་གསེར་གྱི་བྱ་དགའ་དང་། ཀྲང་ཉིང་གི་《ལྷུག་པོར་བཞད་པའི་ཚེ་སྲོག་》སོགས་བརྩམས་ཆོས་གཉིས་ལ་དངུལ་གྱི་བྱ་དགའ། ཧྲི་ཧྥུའུ་ཧྲོའུ་སོགས་རྩོམ་པ་པོ་ལྔའི་བརྩམས་ཆོས་ལ་ཟངས་ཀྱི་བྱ་དགའ་ཐོབ་པ་རེད། སྐལ་བཟང་ཚེ་རིང་སོགས་རྩོམ་པ་པོ་བཅུའི་བརྩམས་ཆོས་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།