འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ལས་ཐད་མ་འཇོག་བྱེད་ཚད་21.8%
    འཕར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་8.2%འཕར་ཡོད་པ་མ་ཟད་ཞིང་ལས་ལ་མ་འཇོག་བྱེད་ཚད་21.8%འཕར་ཡོད། དེའི་ནང་གཙོ་བོ་དམངས་ཁྲོད་ཀྱི་མ་འཇོག་ཡིན་པ་དང་མ་དངུལ་གཙོ་བོ་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཁྱབ་ཁོངས་ལ་བཏང་ཡོད།
             ཝུའུ་ཞའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 《གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། ཐོན་ལས་སྦྲེལ་ཐག་རྒྱུན་མཐུད་སྣུར་སྲིང་ཐུབ་པ། ཞིང་ལས་བྱེད་ནུས་མགྱོགས་མྱུར་ཆེ་རུ་ཕྱིན་པ། ལས་རིགས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་པ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་བ་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་གླེང་མང་ས་དང་བཀྲག་མདངས་འཚེར་སར་གྱུར་པ་བཅས་བྱུང་ནས་ཞིང་ལས་ཀྱི་ལས་ཆོད་འཕར་བ་དང་། ཞིང་པར་འབབ་འཕར་ཡོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཐོན་པའི་ནུས་པ་དང་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
              རྒྱལ་ཁབ་ས་ཆའི་ཐོན་ཁུངས་པུའུ་རྨོ་ཞིང་སྲུང་སྐྱོང་སིའི་སི་ཀྲང་གཞོན་པ་ལིའུ་མིང་སུང་གིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་ནང་སྒྲིག་བཀོད་ས་ཞིང་འཕེལ་རྒྱས་ཚུད་ཡོད། རྒྱལ་ཁབ་ས་ཆའི་ཐོན་ཁུངས་པུས་རྒྱབ་སྐྱོར་ཆེ་ཤོས་བྱེད་པ་ནི་སྒྲིག་བཀོད་ས་ཞིང་འཛུགས་སྐྲུན་ས་ཆ་གཞིར་བཟུང་དོ་དམ་བྱེད་ཀྱི་མེད་པར་ས་ཞིང་རྨོ་ཞིང་དུ་སྤྱོད་རྒྱུའི་འགན་ལེན་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།