འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཕྱི་ལོའི་ལོ་མཇུག་ཏུ་དགོན་སྡེའི་ཉེན་ཁང་15000སྒྱུར་བཀོད་གྲུབ་པ་བྱ་
    རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེས་དགོན་སྡེའི་ཆོས་ལུགས་མི་སྣ་སྡོད་སའི་ཉེན་ཁང་15000ལ་མ་འཇོག་བྱས་ནས་སྒྱུར་བཀོད་བྱེད་བཞིན་ཡོད་པ་དང་མིག་སྔར་ཉེན་ཡོད་ཁང་10000སྒྱུར་བཀོད་བྱས་ཟིན་ཞིང་། སྔོན་དཔག་བྱས་ན་ཕྱི་ལོའི་ལོ་མཇུག་ཏུ་ཉེན་ཁང་15000སྒྱུར་བཀོད་གྲུབ་པ་བྱ་རྒྱུ།
             2014ལོར་མཚོ་སྔོན་ཞིང་ཆེན་གྱིས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི“འདུ་འགོད་ཆེན་པོ་དྲུག”སྟེ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཆོས་ལུགས་མི་སྣའི་སྤྱི་ཚོགས་འགན་ལེན། ཉེན་ཡོད་ཁང་པ་སྒྱུར་བཀོད། དགོན་སྡེའི་རིག་དངོས་འཛུགས་སྐྲུན་གྱི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་། ཉེན་ཡོད་ཚོམས་ཆེན་ཉམས་གསོ་བརྟན་གཏོང་དང་དགོན་སྡེའི་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་འགོ་ཚུགས་པ་རེད།
            མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཆོས་ལུགས་ཁྲུའུ་དང་པོའི་ལས་དོན་མི་སྣ་གྲགས་པས་ངོ་སྤྲོད་བྱས་པར། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་མི་རིགས་ཆོས་ལུགས་སྡེ་ཚན་དང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་ད་ཆ་དངོས་སུ་བརྟག་དཔྱད་དང་དཔྱད་སྡོམ་བྱས་པ་བརྒྱུད། མཐར་ལོ་གསུམ་གྱི་དུས་ཚོད་ནང་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆོས་ལུགས་མི་སྣའི་ཉེན་ཡོད་སྡོད་ཁང་15000སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་བཀོད་པ་རེད། རྣམ་གྲངས་དེ་2015ལོ་ནས་བཟུང་དུས་ཁག་དབྱེ་ནས་ལག་བསྟར་བྱས་པ་དང་ལོ་ལྟར་ཁང་པ་5000སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། དགོན་སྡེའི་ཆོས་ལུགས་མི་སྣའི་སྡོད་ཁང་རེར་ཁ་གསབ་སྒོར་ཁྲི་1.25བྱས་ཡོད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཆོས་ལུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པ་ཀྲུང་ཀུང་ཧང་ཤིའུ་ཡིས་སྡོད་ཁང་ཆ་རྐྱེན་གྱིས་ཆོས་ལུགས་མི་སྣའི་འཚོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད། དེ་སྔ་དགོན་སྡེའི་ཁང་པའི་ཆ་རྐྱེན་ཡག་པོ་མེད་པ་དེ་ཁོང་ཚོའི་ཡོངས་ཁྱབ་ཀྱི་དཀའ་ངལ་ཡིན། ད་ཐེངས་ཉེན་ཡོད་ཁང་པར་སྒྱུར་བཀོད་བྱས་པ་དེས་མཚོ་སྔོན་གྱི་དགོན་སྡེའི་ཆོས་ལུགས་མི་སྣའི་སྡོད་ཁང་ཆ་རྐྱེན་ཞན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
            ཀྲུང་ཀུང་ཧང་ཤིའུ་ཡིས་དགོན་སྡེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཡིན་ལ་གཞི་རིམ་གྱི་སྤྱི་ཚོགས་ཚན་པ་ཡང་ཡིན། རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་ཆོས་ལུགས་མི་སྣས་རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།