འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་རྔ་པ་ཀྲོའུ་ལ་2016ལོའི་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་ཁག་གསུམ་པ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2016ལོའི་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་ཁག་གསུམ་པ་སི་ཁྲོན་གྱི་རྔ་པ་ཀྲོའུ་ལ་སྤྲད་ཅིང་། དེའི་ནང་དབུན་ཁྲོན་རྫོང་གི་གྲོང་ཁྱེར་སྡོད་ཁང་སྐྱོ་ཁུལ་ཕྱོགས་བསྡུས་སྒྱུར་བཅོས་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དང་། བཙན་ལྷ་རྫོང་བོད་རིགས་ས་ཁུལ་གྱི་མཐོ་རིའི་རྒུན་ཆང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས། སི་ཁྲོན་རྒྱལ་མོ་རྔུལ་ཆུའི་ཆུ་གཉིས་འདུས་མདོའི་ཆུ་ཤུགས་གློག་ཁང་ཚུད་པའི་རྣམ་གྲངས་10ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་416.39བཏང་བ་དང་། ད་རེས་ཆེད་དོན་ཐེབས་རྩ་སྒོར་དུང་ཕྱུར་21.94བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།
            རྔ་པ་ཀྲོའུ་ཡིས་2015ལོའི་ཟླ་8པར་ལས་དོན་དེ་སྒྲུབ་འགོ་བརྩམས་པ་དང་། མིག་སྔར་ཁག་ཐེངས་7འདུན་ཞུ་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་རྣམ་གྲངས་ནང་རྣམ་གྲངས་16བཅུག་པར། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་732.3བཏང་ཞིང་། ཆེད་དོན་འཛུགས་སྐྲུན་ཐེབས་རྩ་སྒོར་དུང་ཕྱུར་65.18བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།