འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དྲ་རྒྱའི་བརྙན་ལམ་སྤྱོད་མཁན་དུང་ཕྱུར་5.14ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་ཁྲེང་ཏུའུ་རུ་འཚོགས་པའི་ཀྲུང་གོའི་དྲ་རྒྱའི་བརྙན་ལམ་ཚོགས་ཆེན་ཐོག་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཉེ་ཀྲེན་ཞིས་2016ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་དུ་དྲ་རྒྱའི་བརྙན་ལམ་སྤྱོད་མཁན་དུང་ཕྱུར་5·14ཟིན་པ་དེས་དྲ་དམངས་བསྡོམས་འབོར་གྱི་70%ཡན་བཟུང་ཡོད། ཧ་ཅང་ཆེ་བའི་ཁྲོམ་རའི་དགོས་མཁོས་དྲ་རྒྱའི་བརྙན་ལམ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།
             རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། མིག་སྔར་དྲ་རྒྱའི་བརྙན་ལམ་ལེ་ཚན་བརྒྱུད་སྤེལ་དང་ལྟ་ཉན་བྱེད་མཁན་མང་པོ་ཡོད་པ་རེད། འདི་ལོའི་ཟླ་དང་པོ་དང་བརྒྱད་པའི་བར་ལས་རིགས་དེ་ཡོངས་སུ་བརྙན་ལམ་བསྟན་ཚད་ན་ནིང་གི་དུས་མཚུངས་ལས་55%འཕར་ཡོད་པ་དང་། དྲ་རྒྱས་རང་བཟོས་ནང་དོན་བསྟན་ཚད་ན་ནིང་གི་དུས་མཚུངས་ལས་180%འཕར་ཡོད་པ་རེད། དྲ་རྒྱའི་བརྙན་ལམ་བརྩམས་ཆོས་ཤིག་ལྟ་ཚད་དང་སྟོན་ཚད་དུང་ཕྱུར་གཅིག་ལྷག་ཙམ་ཟིན་པ་དེ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད་པ་རེད།
              རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐན་ཅིན་གྱིས་དྲ་རྒྱའི་བརྙན་ལམ་ལེ་ཚན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དུས་མཚུངས་དྲ་རྒྱའི་བརྙན་ལམ་རིག་རྩལ་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད། ནང་དོན་ལྡན་ལ་དྲང་ནུས་གཏོད་ཐུབ་པ་དང“ཕུལ་བྱུང་བརྩམས་ཆོས་ཀྱི་གྲས་སུ་ཚུད་པའི”རྩེར་ སོན་བརྩམས་ཆོས་དང་ནང་དོན་དེ་བས་མང་དུ་ཕྱིན་ཡོད། འདི་ལོ“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གསར་རྩོམ་དྲ་རྒྱའི་བརྙན་ལམ་ལེ་ཚན་བསྡུ་རུབ་འོས་སྦྱོར་དང་འགྲེམས་སྟོན་གྱི་བྱེད་སྒོའི་ནང་མཐར་བདམས་པའི་ཕུལ་བྱུང་བརྩམས་ཆོས་གྲས་སུ་གུང་ཁྲན་ཏང་མིའི་འགན་འཁྲི་གསོན་ཉམས་ལྡན་པའི་ངང་མཚོན་པའི“གསར་བརྗེའི་ཉམས་འགྱུར”སོགས་དྲ་རྒྱུའི་སྐད་ཆ་སྤྱད་དེ་ཀྲུང་གོའི་ཕུགས་འདུན་གླེང་བའི་གཏམ་རྒྱུད་དང་དྲང་ནུས་བརྒྱུད་སྤྲོད་ཀྱི་བརྩམས་ཆོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།