འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཚད་གཞིའི་ཕྱོགས་བསྒྲིགས་》ཐོག་མ་དཔེ་སྐྲུན་འགྲེམས་
    སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་ཆ་འཕྲིན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་ཆེད། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱིས། བོད་ཀྱི་ད་ཡོད་ས་གནས་ཚད་གཞིར་ཁྱོན་ཡོངས་ནས་ཕྱོགས་བསྒྲིགས་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཚད་གཞིའི་ཕྱོགས་བསྒྲིགས་》བཟོས་པ་དང་། ཀྲུང་གོ་ཚད་གཞི་དཔེ་སྐྲུན་ཅུས་ཀྱིས་རོགས་སྐྱོར་པར་སྐྲུན་བྱས་པ་བརྒྱུད་དངོས་སུ་བཏོན་པ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན། ཚད་གཞིའི་ཕྱོགས་བསྒྲིགས་དེའི་ནང་མིག་སྔར་(2015ལོའི་ཟླ་12བར)ལག་བསྟར་བྱས་པའི་བོད་ལྗོངས་ས་ཁུལ་གྱི་ཚད་གཞི་ཚང་མ་བསྡུས་ཤིང་། བོད་ཀྱི་ཚད་གཞི་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་དང་མངོན་གསལ་དོད་པའི་གྲུབ་འབྲས་མངོན་ཡོད། དེ་ནི་བོད་ཀྱི་ཚད་གཞི་ཅན་གྱི་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་དཔྱད་གཞིའི་དེབ་གལ་ཆེན་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།