འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཕ་ཁི་སི་ཐན་གྱི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་གི་རྐྱེན་ལམ་དུ་
    ཤོར་བའི་མིར་མྱ་ངན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་1ཚུད་པའི་ཕ་ཁི་སི་ཐན་གྱི་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་གི་རྐྱེན་ལམ་དུ་ཤོར་བའི་མི་ཚང་མར་སེམས་གཏིང་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བཤད།
              གནས་ཚུལ་སྤེལ་བ་གཞིར་བཟུང་། ཕ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་PK-661ཚེས་7ཉིན་སར་ལྷུངས་ནས་ཐོར་ཏེ་གནམ་གྲུའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད། དེའི་ནང་ཀྲུང་གོའི་སྤྱི་དམངས་1ཚུད་ཡོད་པ་རེད།
              ལུའུ་ཁང་གིས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་ཀྲུང་གོའི་སྤྱི་དམངས་1ཚུད་པའི་རྐྱེན་ལམ་དུ་ཤོར་མཁན་ཚང་མར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། “ངས་ཀྲུང་གོའི་ཕྱི་འབྲེལ་པུའི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུ་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། ཡིད་ཤིན་ཏུ་སྐྱོ་བའི་དུས་དེར། ཀྲུང་གོའི་མི་དམངས་ཀྱིས་བློ་རྩ་བརྟན་པོས་ཕ་ཁི་སི་ཐན་གྱི་མི་དམངས་དང་མཉམ་དུ་ལངས་ནས་ཡོད”ཅེས་བཤད།
             ལུའུ་ཁང་གིས་གནས་ཚུལ་ཐོན་རྗེས་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་དེ་བཞིན་ཕ་ཁི་སི་ཐན་དུ་བཅའ་སྡོད་གཞུང་ཚབ་ཁང་གིས་འཕྲལ་སྡོམ་ལམ་སྲོལ་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཕྱོགས་ཁག་དང་ཞིབ་བསྡུར་བྱས་ནས་གནས་ཚུལ་ཤེས་རྟོགས་བྱས་པའི་ཐོག་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ཀྱི་ཐོབ་ཐང་ཆ་འཕྲིན་འཕྲལ་དུ་གཏན་འཁེལ་བྱས་པ་དང་འབྲེལ་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་དུས་ཐོག་ཏུ་བརྡ་ཐོ་བཏང་ཡོད། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིས་རྗེས་འཇུག་བྱེད་སྐབས་རོཌ་རམ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།