འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་པུ་རུ་སེར་དུ་འགྲེམས་སྟོན་ཐོག་མ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་དང་པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“སྒྱུ་རྩལ་དང་ཞི་བདེ། ཀྲུང་གོའི་དེང་རབས་མཛེས་རྩལ་བརྩམ་ཆོས་འགྲེམས་སྟོན”ཞེས་པ་ཚེས་6ཉིན་པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད། དེ་ནི་ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས“ཡོ་རོབ་ཀྱི་རྒྱལ་ས”ཞེས་འབོད་པའི་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་གནས་སའི་པུ་རུ་སེར་དུ་མཛེས་རྩལ་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།
           པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆུས་ཤིང་གིས་ཤིས་ཚིག་ནང་། 2016ལོ་ནི་ཀྲུང་གོ་དང་པེར་ཀྲེམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་འཐུས་ཚབ་བྱས་པའི་རིག་གནས་སྒྱུ་རྩལ་སྒྲིག་གཞིས་ཀྲུང་གོ་དང་པེར་ཀྲེམ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་མཐོང་སྐབས་ང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། འབྱུང་འགྱུར་ཀྲུང་པེར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་འཕེལ་རྒྱས་ཐད་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
           པེར་ཀྲེམ་གྱི་པུ་རུ་སེར་རྒྱལ་སའི་ཁུལ་ཆེན་གྱི་དབུ་བཞུགས་བློན་ཆེན་ཧྥེ་ཧྥུའར་ཐེ་ཡིས་ཤིས་ཚིག་ནང“སྒྱུ་རྩལ་དང་ཞི་བདེ”ཞེས་པའི་འགྲེམས་སྟོན་གྱི་བརྗོད་བྱ་གཙོ་བོར་ཚད་མཐོའི་གདེང་འཇོག་གནང་བ་དང་། པུ་རུ་སེར་དུ་ལོ་འགོར་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་མང་པོ་ཐོན་ནས་རྒྱལ་ཁབ་འདིས་ཆག་སྒོ་མང་བའི་ལོ་ཞིག་བརྒྱུད་པ་དང་། ཞི་བདེ་བརྗོད་བྱ་གཙོ་བོར་བྱས་པའི་རིག་གནས་སྤེལ་རེས་བྱས་པས་གཞི་ནས་སྣ་མང་སྤྱི་ཚོགས་དེ་དེ་སྔོན་གྱི་ཞི་མཐུན་ཕྱོགས་སུ་བསྐྱོད་ཐུབ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།