འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝར་བཅའ་སྡོད་ཀྲུང་གོ་དང་ཨུ་རུ་སུའི་འཐུས་མི་ཚོགས་པས་
    མཉམ་འབྲེལ་ཐོག་རོལ་དབྱངས་འདུ་ཚོགས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝར་བཅའ་སྡོད་ཀྲུང་གོ་དང་ཨུ་རུ་སུའི་འཐུས་མི་ཚོགས་པས་མཉམ་འབྲེལ་ཐོག་རེ་ནེ་ཝའི་དབན་གོ་ཕོ་བྲང་ཚོགས་ཁང་ཆེ་མོར“མཛའ་གྲོགས་ཀྱི་སྙན་དབྱངས——ཀྲུང་གོ་དང་ཨུ་རུ་སུའི་གྲགས་ཅན་རོལ་དབྱངས་འདུ་ཚོགས”ཞེས་པ་ཞིག་གཉེར་བ་རེད། ཀྲུང་གོའི་ཧའར་པིན་ནས་ཡོང་བའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་དང་ཨུ་རུ་སུའི་ཨུ་ལའར་ཨའེ་གཡོད་རོལ་ཚོགས་ཀྱི་སྒྱུ་རྩལ་མཁས་པ་ཚོས་ལྟད་མོ་བ་ཆིག་སྟོང་ཙམ་ལ་ཀྲུང་གོ་དང་ཨུ་རུ་སུའི་གྲགས་ཅན་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
            ཨུ་རུ་སུའི་གྲགས་ཅན་གཞས་གདངས་རྩོམ་མཁན་མཁྱེན་ལྡན་མ་ཨོ་ལི་ཅ·ཝུའེ་ཁེ་ཐོ་ལུའོ་ཝ་ཡིས་ཆེད་མངགས་རོལ་དབྱངས་འདུ་ཚོགས་དེར་《ཧའར་པིན་གྱི་སྔོན་འགྲོའི་རོལ་མོ་》ཞེས་པ་ཞིག་གསར་རྩོམ་བྱས་ཏེ་རོལ་དབྱངས་ཀྱི་རྣམ་པའི་ཐོག་ནས་ཧའར་པིན་གྱི་འཛུགས་སྐྲུན་ལོ་རྒྱུས་གསོན་ཉམས་དོད་ལ་གཟུགས་སུ་བཀོད་པ་ལྟར་མཚོན་པར་བྱས་པ་མ་ཟད། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བརྩེ་སེམས་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད།
            ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་ཧའར་པིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལིའུ་ཧྲེ་ཧྥས་ཀྲུང་གོ་དང་ཨུ་རུ་སུའི་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ད་རེས་དབན་གོ་ཕོ་བྲང་དུ་མཉམ་འབྲེལ་འཁྲབ་སྟོན་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དང་། མཛའ་གྲོགས་འཕེལ་རྒྱས། མཉམ་ལས་ལ་སྐུལ་འདེད་གཏོང་བའི་དགོངས་དོན་མཚོན་པར་བྱ་ཆེད་ཡིན་པ་དང་། མིའི་རིགས་ཀུན་གྱིས་གོ་ཐུབ་པའི་རོལ་དབྱངས་བརྒྱུད་དད་མོས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་མི་དམངས་རྣམས་གཅིག་ཏུ་འབྲེལ་ནས་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་སྐྲུན་རྒྱུ་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།