འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་12ཚེས་9ཉིན་ཅིང་ཐའེ་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་མཚམས་སུ་འཁོར་
    ལོ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཟླ་12ཚེས་9ཉིན་ཅིང་ཐའེ་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་མཚམས་སུ་འཁོར་
ལོ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཟླ་12ཚེས་9ཉིན་ཅིང་ཐའེ་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་མཚམས་སུ་འཁོར་ལོ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། 《རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་》ཁྲོད་དུ་འའཁོད་པའི་རྒྱལ་ས་ནས་ཕྱིར་བགྲོད་པའི་ལམ་ཐིག་7ཡོངས་སུ་འཁོར་ལོ་ཤར་གཏོང་བྱ་རྒྱུ་མངོན་འགྱུར་བྱས་པ་རེད།
         ཅིང་ཐའེ་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་མཚམས་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་པེ་ཅིང་གྲོང་ཁྱེར་ནས་ཐའེ་པེ་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགོ་འཛུགས་སའི་ལམ་མཚམས་ཡིན་ཞིང་། ལམ་མཚམས་འདིའི་འགོ་ཚུགས་ས་ནི་པེ་ཅིང་གྲོང་ཁྱེར་གྱི་ལྷོའི་གྲོང་སྐོར་གཞུང་ལམ་ལྔ་པའི་ཕོ་བྲང་རྙིང་པའི་ཟམ་པ་གསར་པ་ཡིན་པ་དང་། མཐའ་མཇུག་ས་པེ་ཅིང་གྲོང་ཁྱེར་ཏཱ་ཞིང་ཆུས་ལི་ཞན་གྲོང་རྡལ་ཐེན་ཅ་ཡིང་གྲོང་ཚོ་ཡིན་ཞིང་། ཅིན་ཐའེ་མྱུར་བགྲོད་གཞུང་ལམ་གྱི་ཧོ་པེའི་ལམ་མཚམས་དང་སྦྲེལ་ཡོད་པ་རེད། ལམ་ཐིག་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་26.6ཡོད་པ་དང་། ཕྱོགས་གཉིས་སུ་བགྲོད་ཅིང་འཁོར་ལམ་8ཡོད་པ་རེད།
    ༄༅།།ཟླ་12ཚེས་9ཉིན་ཅིང་ཐའེ་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་མཚམས་སུ་འཁོར་
ལོ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།