འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་ཁྲང་ཅི་ཁུལ་གྱི་ཧུ་ཐུའུ་པི་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཤིན་ཅང་ཁྲང་ཅི་ཁུལ་གྱི་ཧུ་ཐུའུ་པི་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ།
           མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཁང་གི་དྲ་བ་ལྟེ་གནས་ཀྱི་དྲ་ཐོག་ཏུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཟླ་12ཚེས་8ཉིན་གྱི་ཆུ་ཚོད་13དང་སྐར་མ་15ཐོག་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་གྱི་ཧུ་ཐུའུ་པི་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་། ཡོམ་དཀྱིལ་ནི་འཕྲེད་ཐིག་བྱང་མ་ཏུའུ་གྲངས་43.83དང་གཞུང་ཐིག་ཤར་མ་ཏུའུ་གྲངས་86.35ཡི་མཚམས་སུ་ཡོད་ཅིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་6.0ཡོད་པ་རེད། ཝུ་རུམ་ཆི་དང་། དབྱི་ལི། ཧྲི་ཧོ་ཙི། ཨ་ཁེ་སུའུ། པཱ་ཡན་གོར་ལེང་སོག་རིགས་རང་སྐྱོང་ཁུལ། ཐུ་ལུའུ་ཧྥན་སོགས་ཀྱི་ས་ཆར་ཡོམ་ཚོར་མངོན་གསལ་དོད་པོ་ཡོད་པ་རེད།
           ད་ལྟའི་བར་དུ། ཤིན་ཅང་ཧུ་ཐུའུ་པིར་ས་ཡོམ་རིམ་པ་6.2བརྒྱབ་སྟེ་མི་2ལ་རྨས་སྐྱོན་ཕོག་པ་དང་། སྡོད་ཁང་7རྡིབ་པ། སྡོད་ཁང་18སེར་ག་ཚབས་ཆེན་ཤོར་བ། སྡོད་ཁང་379ཙམ་ལ་སེར་ག་ཤོར་བ་བཅས་ཀྱི་གནས་ཚུལ་བྱུང་འདུག རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཡོད་ཅིང་། གནོད་འཚེའི་གནས་ཚུལ་ཞིབ་ཕྲ་སྔར་བཞིན་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།