འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་6.7བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཁང་གི་དྲ་བས་དངོས་སུ་ཚད་འཇལ་བརྟག་དཔྱད་བྱས་པ་ལྟར་ན། ཟླ་12ཚེས་8ཉིན་གྱི་ཆུ་ཚོད་22དང་སྐར་མ་49ཐོག་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་མངའ་སྡེ་ཁ་ལི་ཧྥོ་ཉི་ཡའི་ཉེ་འགྲམ་གྱི་མཚོ་ཁོངས་(འཕྲེད་ཐིག་བྱང་མ་ཏུའུ་གྲངས་40.51དང་གཞུང་ཐིག་ནུབ་མ་ཏུའུ་གྲངས་126.20ཀྱི་མཚམས་)སུ་ས་ཡོམ་རིམ་པ་6.7བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད།
          རྒྱ་མཚོ་འཁྱོམས་པའི་བརྡ་འཕྲིན།
          པེ་ཅིང་གྱི་དུས་ཚོད་2016ལོའི་ཟླ་12ཚེས་8ཉིན་གྱི་ཆུ་ཚོད་22དང་སྐར་མ་49ཐོག་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་མངའ་སྡེ་ཁ་ལི་ཧྥོ་ཉི་ཡའི་བྱང་རྒྱུད་མཚོ་འགྲམ་གྱི་ཐག་རིང་མཚོ་ཁོངས་(40.40°N,126.15°Wཡི་མཚམས་)སུ་ས་ཡོམ་རིམ་པ་6.5བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10.0ཡོད་པ་རེད། རྒྱལ་ཁབ་རྒྱ་མཚོ་ཅུས་མཚོ་འཁྱོམས་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་ས་ཡོམ་གྱི་ཐོག་མའི་གནས་ཚུལ་ལ་བརྟག་དཔྱད་བྱས་པར་གཞིགས་ན། ས་ཡོམ་ལས་ཡོམ་གནས་ཉེ་འཁོར་དུ་རྒྱ་མཚོ་འཁྱོམས་པའི་གནས་ཚུལ་འབྱུང་ཉེན་འདུག་ཀྱང་། རང་རྒྱལ་གྱི་མཚོ་ངོགས་རྒྱུད་དུ་ཤུགས་རྐྱེན་ཐེབས་མི་སྲིད་པ་རེད།
           རྒྱལ་ཁབ་རྒྱ་མཚོ་ཅུས་མཚོ་འཁྱོམས་ཉེན་ཟོན་ཉེན་བརྡ་ལྟེ་གནས་ཀྱིས་ས་ཡོམ་དང་མཚོ་འཁྱོམས་ཀྱི་གནས་ཚུལ་འབྱུང་མིན་གྱི་གྲངས་གཞི་ལ་མུ་མཐུད་ནས་རྗེས་མྱུལ་དབྱེ་ཞིབ་བྱེད་རྒྱུ་ཡིན་པ་མ་ཟད། དུས་ཐོག་ཏུ་བརྡ་འཕྲིན་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།