འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚོགས་ཀྲུང་དབྱང་གིས་གཞོན་ནུའི་དྲ་ཐོག་ཚོང་དོན་གསོ་སྐྱོང་འདུ་འགོད་ལ་སྐུལ་
    འདེད་གཏོང་བ་དང་ཀྲུང་གོའི་གཞོན་ནུའི་དྲ་ཐོག་ཚོང་དོན་མནའ་
    འབྲེལ་འཛུགས་རྒྱུའི་སྐུལ་སློང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན་སྡེ་ཚོགས་ཀྲུང་དབྱང་དང་། ཅིང་ཏུང་ཚོགས་པ། སུའུ་ཉིང་ཚོགས་པ་བཅས་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་གཞོན་ནུའི་དྲ་ཐོག་ཚོང་དོན་གསོ་སྐྱོང་འདུ་འགོད་ལ་སྒྲིལ་ཤུགས་བསྒྲིལ་ནས་སྐུལ་འདེད་བཏང་སྟེ། གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་ཁྲི་20ཙམ་ཐུན་མོང་ཐོག་གསོ་སྐྱོང་བྱས་པ་དང་། གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་གསར་གཏོད་སྐྱེད་སྲིང་ལྟེ་གནས་200ལྷག་ཙམ་བསྐྲུན་པ་རེད། ཚེས་3ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ད་དུང་ཀྲུང་གོའི་གཞོན་ནུའི་དྲ་ཐོག་ཚོང་དོན་མནའ་འབྲེལ་བཙུགས་པ་རེད།
         ཚེས་4ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཚན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོའི་གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ཕུལ་བྱུང་ལྷན་འཛོམས་ཚོགས་ཆེན་དང་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བྱེད་སྒོའི་གཟའ་འཁོར”ཀྲེ་ཅང་ཞིང་ཆེན་ལི་ཧྲུའི་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ནས་ཡིན་པའི་དྲ་ཐོག་ཚོང་དོན་གྱི་གཞོན་ནུ་200ལྷག་ཙམ་འགྲེམས་སྟོན་དང་། གསོ་སྦྱོང་། སྤེལ་རེས་བཅས་ཀྱི་བྱེད་སྒོར་ཞུགས་པ་རེད།
         བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་སྡེ་ཚོགས་ཀྲུང་དབྱང་གིས་ཅིང་ཏུང་ཚོགས་པ་དང་སུའུ་ཉིང་ཚོགས་པའི་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་གཞོན་ནུའི་དྲ་ཐོག་ཚོང་དོན་གསོ་སྐྱོང་འདུ་འགོད་ལ་ཤུགས་བསྒྲིལ་ནས་སྐུལ་འདེད་བཏང་སྟེ། དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་ཁྲི་10ཙམ་གསོ་སྐྱོང་བྱས་པ་དང་། ལས་ཞུགས་དངོས་སྦྱོང་གོ་སྐབས་3000ཙམ་བསྐྲུན་པ། གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་གསར་གཏོད་སྐྱེད་སྲིང་ལྟེ་གནས་100བསྐྲུན་པ། མི་དམངས་ཤོག་སྒོར་དུང་ཕྱུར་1རི་བའི་སྔོན་ལ་ཅ་དངོས་ཉོ་བ་དང་རྗེས་སུ་དངུལ་སྤྲོད་པའི་བཅད་གྲངས་དང་བསྡོམས་འབོར་དུང་ཕྱུར་1གི་མ་དངུལ་མཉམ་བསྡུའི་རྒྱབ་སྐྱོར་བཅས་བྱས་ཏེ། ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་དྲ་རྒྱའི་ལས་སྟེགས་བརྒྱུད་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུར་རོགས་སྐྱོར་བྱས་པ་རེད། སྡེ་ཚོགས་ཀྲུང་དབྱང་དང་སུའུ་ཉིང་ཚོགས་པས་རྩལ་ནུས་གསོ་སྦྱོང་དང་། ས་ཚིགས་གསར་སྐྲུན། གནད་སྨིན་དབུལ་སྐྱོར། ལས་ཞུགས་རྒྱ་སྐྱེད་གཏོང་བ། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཐད་མཉམ་ལས་དམ་ཟབ་བྱས་ཏེ་ལོ་ལྔའི་རིང་གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་ཁྲི་10གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་། གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་གསར་གཏོད་སྐྱེད་སྲིང་ལྟེ་གནས་100གསར་འཛུགས་བྱ་རྒྱུ་ཡིན་པ། གཞོན་ནུ་ཁྲི་10ཙམ་སུའུ་ཉིང་ལས་སྟེགས་ཐོག་ལས་གཏོད་ལས་ཞུགས་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མནའ་འབྲེལ་དེ་ཟླ་12ཚེས་3ཉིན་དངོས་སུ་བཙུགས་པ་དང་དེའི་དམིགས་ཡུལ་ནི་གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་རྒྱུར་སྔར་བས་ཤུགས་སྣོན་དང་དྲ་ཐོག་ཚོང་དོན་སྣེ་ཁྲིད་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཁག་གཅིག་ཤེས་རྟོགས་དང་། འོས་སྦྱོར། གསོ་སྐྱོང་བཅས་བྱ་རྒྱུའི་ཆེད་དུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།