འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་ནས་བོད་ལྗོངས་བར་གྱི་ཨེ་ཤེ་ཡའི་དབུས་ལྷོའི་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀོང་ཏུང་ནས་བོད་ལྗོངས་བར་གྱི་ཨེ་ཤེ་ཡའི་དབུས་ལྷོའི་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། བོད་ལྗོངས་གཞུང་ཕྱོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མེ་འཁོར་ཟོག་འདྲེན་ས་ཚིགས་སུ་ཀོང་ཏུང་ནས་བོད་ལྗོངས་བར་གྱི་ཨེ་ཤེ་ཡ་དབུས་ལྷོའི་མེ་འཁོར་ཐོག་མ་བསུ་བའི་མཛད་སྒོར་སྤེལ་བ་རེད། ཆ་རྒྱུས་བྱུང་བ་ལྟར་ན། ཀོང་ཏུང་ནས་བོད་ལྗོངས་བར་གྱི་ཨེ་ཤེ་ཡ་དབུས་ལྷོའི་མེ་འཁོར་ཐོག་མ་དེར་ཚད་ལྡན་འཁོར་སྒྲོམ་8དང་ཟོག་སྒྲོམ་14ཡོད་ལ་ཀོང་ཀྲོའུ་ཏ་ལཱང་ནས་ཐོན་ཏེ་ཁྲེང་ཡུས་ལྕགས་ལམ་དང་། མཚོ་བོད་ལྕགས་ལམ། ལྷ་རི་ལྕགས་ལམ། གཞིས་ཀ་རྩེ་ནས་སྐྱིད་རོང་གི་གཞུང་ལམ། སྐྱིད་རོང་གི་འགྲམ་ནས་མཐའ་མཚམས་བརྒལ་ཏེ་བལ་ཡུལ་གྱི་ཀ་ཏ་མན་རྡུར་འབྱོར་རྒྱུ་ཡིན་ཞིང་། ལམ་ཐག་རིང་ཚད་ཧྲིལ་པོར་སྤྱི་ལེ་6070ཡོད་དེ། ལྕགས་ལམ་ལ་སྤྱི་ལེ་5200དང་གཞུང་ལམ་ལ་སྤྱི་ལེ་870ཡོད་པ། མེ་འཁོར་ཐོག་སྐྱེལ་འདྲེན་བྱེད་ཡུན་ནི་ཉིན་5 དངོས་ཟོག་གཙོ་བོ་གྱོན་ཆས་དང་ཁྱིམ་ཆས། གློག་ཆས། གློག་རྡུལ་ཐོན་རྫས་ཀྱི་རིགས་བཅས་ཡིན་ཞིང་། དངོས་ཟོག་བསྡོམས་འབོར་གྱི་རིན་གོང་མི་དམངས་ཤོག་སྒོར་ཁྲི་1900ཡིན་པ་རེད།
    ༄༅།།ཀོང་ཏུང་ནས་བོད་ལྗོངས་བར་གྱི་ཨེ་ཤེ་ཡའི་དབུས་ལྷོའི་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ།
      

    ཕྱོགས་བསྡུས་གསར་འགྱུར།