འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་གཅིག་མཁས་ཅན་གྱིས་ཀྲུང་
    གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་གི་གྲུབ་འབྲས་ལ་ཁས་ལེན་གནང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན“《འཕེལ་རྒྱས་ཁེ་དབང་གི་བསྒྲགས་གཏམ་》གྲོས་འཆམ་བྱུང་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ”པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་ཞུགས་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
         “མི་དུང་ཕྱུར་7ལྷག་ཙམ་དུས་ཚོད་ཐུང་ངུ་དེ་ལྟ་བུའི་ནང་དབུལ་སྒྲོལ་བྱུང་བ་དེ་ནི་ཀྲུང་གོའི་གྲུབ་འབྲས་ཆེ་མོ་ཞིག་རེད ”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་འཕེལ་རྒྱས་ཀྱི་ཁེ་དབང་ལས་དོན་ཚོགས་ཆུང་གི་ཀྲུའུ་ཞི་ཀྲ་སྨིའར·ཨ་ཁེ་ལ་མོས་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་ཁག་ལ་རྒྱལ་ཁབ་དང་རྒྱལ་སྤྱིའི་རིམ་ངོས་ཐད་འཕེལ་རྒྱས་ཀྱི་ཁེ་དབང་དོན་འཁྱོལ་བྱེད་པའི་འགན་འཁྲི་ཡོད་པ་མ་ཟད། དྲང་གཞག་དང་མཐོང་ཆུང་མེད་པའི་རྩ་དོན་ལ་གཞིགས་ཏེ་འཕེལ་རྒྱས་གཏོང་དགོས་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་བརྒྱུད་རྒྱལ་ཁབ་ཁག་གི་དབུལ་པོ་དང་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་དུ་གཏོང་དགོས་ཞེས་བརྗོད།
         ཧོ་ལན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧོ་ལན་ཝུའུ་ཐེ་ལེ་ཀྲེ་སློབ་ཆེན་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེ་མོ་བ་ཐང་མུའུ·ཚེ་ཝ་ཐེ་ཡིས་བལྟས་ན། དབུལ་པོ་ཉུང་གཏོང་གི་བྱ་གཞག་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེ་མོ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མངོན་འགྱུར་བྱུང་བའི་རླབས་ཆེ་ཤོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ཤིག་ཡིན་པའི་ངོས་འཛིན་བྱས་པ་དང་ཆབས་ཅིག་ཁོང་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཕྱིན་པ་དེ་དཔལ་འབྱོར་རིམ་ངོས་ཐད་ནས་མངོན་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་མི་རྩ་བར་འཛིན་རྒྱུ་འཕེལ་རྒྱས་བྱུང་བ་དེ་རེད་ཅེས་བརྗོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་འདི་ལོའི་ཟླ་10པར་སྤེལ་བའི་《ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཡར་རྒྱས་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་སྤྱོད་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་བྱུང་བའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་སོང་ཚུན། མི་དབུལ་པོ་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་བྱུང་བ་དང་། གྲོང་གསེབ་ཀྱི་མི་དབུལ་པོ་2015ལོའི་མི་ཁྲི་5575བར་ཉུང་དུ་སོང་བས་དབུལ་པོ་ཐོན་ཚད་5.7%བར་ཆག་པ་དང་། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་ལེན་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ། དབུལ་སྐྱོར་ལམ་སྲོལ་གསར་གཏོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། མི་དབུལ་པོའི་གཞི་རྩའི་དབང་ཆ་མངོན་འགྱུར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་འཁོད་ཡོད་པ་རེད།
         ཁུན་མིང་རང་བྱུང་བཟོ་སྐྲུན་སློབ་ཆེན་གྱི་དོ་དམ་དང་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིའར་ཕིང་གིས་གནད་སྨིན་དབུལ་སྐྱོར་བརྒྱུད་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་དེ་ནི་ཀྲུང་གོ་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ནང་དོན་གལ་ཆེན་དང་མངོན་འགྱུར་བྱེད་སྟངས་ཤིག་རེད། ས་ཁུལ་དང་གྲོང་ཚོ་ཁ་ཤས་ས་ཐག་ཅུང་རིང་བ་དང་། ཁྱིམ་ཚང་ཁ་ཤས་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པ། མི་སྒེར་ཁ་ཤས་ལྷན་སྐྱེས་རང་བཞིན་གྱི་དབང་པོ་སྐྱོན་ཅན་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ད་དུང་དབུལ་སྒྲོལ་ཐུབ་མེད་པ་དང་། གནད་སྨིན་དབུལ་སྐྱོར་གྱིས་རོགས་སྐྱོར་བྱ་ཡུལ་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་བེད་སྤྱོད་སོགས་ཐད་གནད་སྨིན་ཐུབ་པ་དང་། ཇུས་འདོན་པ། ཕན་འབྲས་ཐོན་པ་སོགས་ཀྱི་རེ་བ་བཏོན་པས་འཕེལ་རྒྱས་དབང་ཆ་ཡང་གནད་སྨིན་ཐུབ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།