འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་དྲུག་པ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། བཟོ་འཕྲིན་པུས་མཉམ་འབྲེལ་ཐོག་མཛུབ་སྟོན་བྱས་པ་དང་། 《ཀྲུང་གོ་དཔལ་འབྱོར་གཟའ་འཁོར་དུས་དེབ་》དང་བཟོ་འཕྲིན་པུའུ་བཟོ་ལས་དྲ་རྒྱ་ཐོན་ལས་མནའ་འབྲེལ་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་དྲུག་པ་པེ་ཅིང་དུ་གཉེར་ཞིང་། ཆབ་སྲིད་དང་། ཚོང་ལས། རིག་གཞུང་བཅས་ལས་རིགས་ཀྱི་ཕུལ་བྱུང་བ་400ལྷག་ཙམ་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། PPP དངུལ་རྩའི་ལས་རིགས་ཀྱི་སྒྱུར་བཅོས་སོགས་ཀྱི་བརྗོད་བྱ་གཙོ་བོར་གཞིགས་ཏེ་གྲོས་བསྡུར་བྱས་པ་རེད།
         སྐབས་འདིའི་གླེང་སྟེགས་ཀྱིས“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ཀྲུང་གོའི་དཔལ་འབྱོར་གྱི་འགུལ་ནུས་གསར་པ”བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཨུ་ཡོན་ཀྲང་གཞོན་པ་ཀྲོའུ་ཐེ་ནུང་དང་། གྲགས་ཅན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ལི་དབྱི་ཉིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ཀྲང་ཅན་མིང་། བཟོ་འཕྲིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཅཱ་དབྱི་སོགས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། འགུལ་ནུས་གསར་རྙིང་གཞན་སྒྱུར་གནད་དོན་ལ་དམིགས་ཏེ། ཁྲེན་ཀྲའོ་ཞུང་གིས་དེང་གི་འཛམ་གླིང་རེས་སྐོར་གསར་པའི་ཚན་རྩལ་སྒྱུར་བཅོས་དང་ཐོན་ལས་འཕོ་འགྱུར་མཚམས་སུ་སླེབས་ཡོད། འཛམ་གླིང་གི་རྒྱལ་ཁབ་གཙོ་བོ་ཁག་གིས་བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་བསྡུ་སྒྲིལ་འཕེལ་རྒྱས་གཏོང་བ་ཤུགས་རྒྱག་སར་བརྩིས་ཏེ། འཐབ་ཇུས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་དང་ཐོན་ལས་འགྲན་རྩོད་ཀྱི་མཐོ་ས་མྱུར་དུ་བཟུང་ནས་རྒྱལ་ཁབ་ཀྱི་འགྲན་རྩོད་ཀྱི་ལེགས་ཆ་བསྐྱར་གཏོད་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།