འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པས་མངོན་མིན་རིག་གནས་ཤུལ་བཞག་རྩལ་ནུས་ཀྱི་གསོ་སྦྱོང་སློབ་གཞི་ཆ་ཚང་13
    རྩོམ་སྒྲིག་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་རྔ་པ་ཀྲོའུ་ཞིང་ལས་ངལ་རྩོལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོ་ནས་བཟུང་ས་གནས་དེ་གའི་ཞིང་པ་དང་། དགེ་རྒན། མཁས་དབང་སོགས་200ལྷག་ཙམ་གྱིས་རྩོམ་འབྲི་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་རྩལ་ནུས་ཀྱི་སློབ་གཞི་ཆ་ཚང་13ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ་དང་། བྱེད་ཐབས་དེས་ས་གནས་དེ་གའི་ངག་ཁྲིད་དང་ངག་བརྒྱུད་ཀྱི་སྲོལ་རྒྱུན་མི་རིགས་སྒྱུ་རྩལ་གྱི་ནུས་པ་སྔར་བས་ཆེ་རུ་འགྲོ་རེ་ཡོད་པ་རེད། “རྩོམ་སྒྲིག་འགྲེམས་སྤེལ་བྱས་པའི་སློབ་གཞི་ཚང་མ་ལས་རིགས་སློབ་གྲྭ་དང་གསོ་སྦྱོང་སྒྲིག་གཞི་ཁག་གིས་སྤྱོད་རྒྱུ་རེད”ཅེས་རྔ་པ་ཀྲོའུ་ཞིང་ལས་ངལ་རྩོལ་གཞུང་ལས་ཁང་གི་ལས་བྱེད་པ་མེ་ཏོག་གིས་བཤད།
              ཤེས་རྟོགས་བྱུང་བར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་རྩལ་ནུས་གསོ་སྦྱོང་གི་སློབ་གཞི་ཆ་ཚང་13གྱི་ནང་དུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་དང་། མི་རིགས་ཀྱི་རིག་གནས་གོམས་གཤིས། མི་རིགས་ཀྱི་ཁྱད་ལྡན་ཞིམ་ཟས་བཅས་རིགས་ཆེན་པོ་གསུམ་ལ་ཁྱབ་ཡོད་པ་དང་། 《ཐང་ག་》དང་《ཆའང་རིགས་ཀྱི་ཚེམ་དྲུབ》 《རྔ་པའི་ཁྱད་ལྡན་ཞིམ་ཟས་》སོགས་ཚུད་པའི་སློབ་གཞི་2012ལོ་ནས་གཅིག་རྗེས་གཉིས་མཐུད་ངང་དཔེ་སྐྲུན་བྱས་ཡོད། དེའི་ནང་《ཆའང་རིགས་ཀྱི་ཚེམ་དྲུབ་》དང་《ཐང་གའི་》རྩལ་ནུས་གསོ་སྦྱོང་གི་སློབ་གཞི་པར་སྐྲུན་བྱས་པ་དེས་ཆའང་རིགས་ཀྱི་ཚེམ་དྲུབ་ཀྱི་རྩལ་ནུས་དང་ཐང་ག་བཞེངས་སྟངས་ཚད་ལྡན་དུ་ཕྱིན་པ་མ་ཟད། ད་དུང་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཆའང་རིགས་ཀྱི་ཚེམ་དྲུབ་དང་ཐང་གའི་རྩལ་ནུས་ཀྱི་གསོ་སྦྱོང་སློབ་གཞི་མེད་པའི་སྟོང་ཆའང་བསྐངས་ཡོད།
             ཉེ་བའི་ལོ་ཤས་རིང་། མངོན་མིན་རིག་གནས་ཤུལ་བཞག་རྩལ་ནུས་སློབ་གཞི་སྤྱད་པ་བརྒྱུད། སི་ཁྲོན་རྔ་པ་ཀྲོའུ་ཡིས་ཆའང་རིགས་ཀྱི་ཚེམ་དྲུབ་དང་ཐང་ག་སོགས་ཁྱད་ལྡན་ཆེད་ལས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་150ལྷག་ཙམ་སྔ་རྗེས་སུ་གཉེར་ནས་ཁྱོན་སློབ་མ་མི་ཐེངས་9500ལྷག་ཙམ་གསོ་སྦྱོང་བྱས་པ་དང་། ཐང་ག་དང་ཆའང་རིགས་ཀྱི་ཚེམ་དྲུབ་སོགས་ཀྱི་བརྩམས་ཆོས་ཁྲི་5000ལྷག་ཙམ་བྲིན་ཚོང་བྱས་པར་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།