འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུའུ་མེ་ཟོན་ཅུས་ཀྱིས་བསྟན་དོན་རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཚང་མར་མེ་གསོད་རོགས་
    སྐྱོབ་ཀྱི་ཆེད་ལས་དཔུང་ཁག་བཙུགས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་སྤྱི་བདེ་མེ་ཟོན་དཔུང་ཁག་གི་ཅུན་དང་ཧྲི་རིམ་པའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་མེ་སྐྱོན་ཐོན་ཚད་དང་། མི་འཆི་ཚད། རྨས་སྐྱོན་བྱུང་ཚད། རྒྱུ་ནོར་ལ་ཐད་ཀར་གྱོང་གུན་ཕོག་ཚད་བཅས་དུས་མཚུངས་ལས་17.1%དང་། 17.7% 12.1% 18.7%སོ་སོར་ཆག་པ་དང་། མེ་སྐྱོན་ཆེ་གྲས་54ཐོན་པ་དེ་དུས་མཚུངས་ལས་5ཉུང་དུ་ཕྱིན་པ་དང་མེ་སྐྱོན་ཚབས་ཆེ་གྲས་དང་ཧ་ཅང་ཚབས་ཆེ་གྲས་ཐོན་མེད་པ་རེད།
              ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་ཆ་ཁག་གི་སྤྱི་བདེ་མེ་ཟོན་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་དབྱར་ཁའི་མེ་ཟོན་ཞིབ་བཤེར་དང་དགུན་དཔྱིད་གཉིས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ས་ཁོངས་རང་བཞིན་གྱི་ཆེད་དོན་བཅོས་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་ཚན་པ་ཁྲི་653ལ་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་ཁྲི་796དག་ཐེར་བྱ་རྒྱུར་སྐུལ་མ་བཏང་བ་དང་། ཚན་པ་ཁྲི་6.8ལ“གསུམ་མཚམས་འཇོག”བྱ་དགོས་པའི་བཀའ་བཏང་བ་རེད། ལྷག་པར་དུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་སྲིད་གཞུང་གིས་མིང་སྦྱར་ལྟ་སྐུལ་བྱས་པའི“བཅོས་སྒྲིག་དཀའ་བའི”མངོན་མེད་རྐྱེན་ངན་1463ལ་དམིགས་ཏེ་1250དག་ཐེར་དང་མེད་པར་བཟོས་པ་རེད།
            རྒྱལ་ཡོངས་སྤྱི་བདེ་མེ་ཟོན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན་གྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་97%དང་། རྫོང་95% རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་རྡལ་84% སྒྲིག་ཚུད་གྲོང་རྡལ་གཞན་དག70%བཅས་ཀྱིས་མེ་ཟོན་གྱི་ཆེད་དོན་འཆར་འགོད་གཏན་འབེབས་དང་བཟོ་བཅོས་བྱེད་པའི་ལས་དོན་སྤེལ་ཏེ། གྲོང་ཁུལ་དུ་མེ་གསོད་ཡོ་ཆས་ཁྲི་20གསར་དུ་བསྒར་བ་དང་སྤྱི་བདེ་མེ་ཟོན་ས་ཚིགས་457དང་སྦྱོང་བརྡར་རྟེན་གཞི་52གསར་སྐྲུན་དང་ལས་འགོ་བཙུགས་པ་དང་། ལྷག་པར་དུ་བོད་དང་། ཀན་སུའུ། མཚོ་སྔོན། ཤིན་ཅང་བཅས་ཀྱི་མེ་ཟོན་ཡོ་ཆས་མེད་པའི་ས་ཆ་102ཚང་མར་མེ་ཟོན་དཔུང་ཁག་བཙུགས་ཤིང་ཡོ་ཆས་བསྒལ་པས། རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཚང་མར་མེ་གསོད་རོགས་སྐྱོབ་ཀྱི་ཆེད་ལས་དཔུང་ཁག་ཁྱབ་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།