འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཏོན་པའི“ཆུ་བེད་ལས་གྲྭ་གལ་ཆེན་
    20”ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཏ་ཐུང་གཙང་ཆུ་ཙོང་ཆུར་འདྲེན་པའི་མ་་ཡུར་ནུབ་མའི་འདྲེན་ཁུལ་ལས་གྲྭ་ཚེས་24ཉིན་ལས་འགོ་བཙུགས་པ་དང་ཆབས་ཅིག་ཆུ་བེད་པུས་འགོ་འཁྲིད་ནས་འགན་འཁུར་བའི“ཆུ་བེད་ལས་གྲྭ་གལ་ཆེན་20ཡང་འགོ་འཛུགས་པའི”ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཏེ་ཟླ་གཅིག་སྔོན་ནས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཏོན་པའི་དམིགས་ཚད་བླང་བྱ་ལེགས་པར་གྲུབ་པ་རེད།
         ཚེས་29ཉིན་ཆུ་བེད་པུའུ་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་། ཆུ་བེད་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བེད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་ལག་ལེན་ནན་ཏན་བསྟར་ནས་2016ལོའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གི་ལས་འགན་བླང་བྱ་བཞིན་ཆུ་བེད་ལས་གྲྭ་གལ་ཆེན་འགོ་འཛུགས་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཆུའི་སྲིད་འཛིན་དོ་དམ་སྡེ་ཚན་ལ་ལས་གྲྭ་འགོ་འཛུགས་པའི་དུས་ཚོད་འཆར་གཞི་བཟོས་པ་རེ་རེ་ཟླ་རེ་བཞིན་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་བ་དང་། འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་དང་འབྲེལ་ལམ་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིབ་མཆན་ཞིབ་བཤེར་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ནས་དུས་འགོའི་ལས་ཀ་མགྱོགས་སུ་བཏང་བ་དང་། ཟླ་རེར་ཆུ་བེད་ལས་གྲྭ་གལ་ཆེན་ལ་བཀོད་གཏོང་བྱ་རྒྱུར་མཉམ་དུ་གྲོས་མོལ་བྱས་པའི་ཁར་ལྟ་སྐུལ་ཞིབ་བཤེར་ཐེངས་མང་བྱས་ཏེ་ས་གནས་ཁག་ལ་ལས་གྲྭ་འགོ་འཛུགས་རྒྱུའི་གྲ་སྒྲིག་མགྱོགས་མྱུར་བྱ་རྒྱུར་སྐུལ་མ་བཏང་ནས་ལས་གྲྭ་དུས་བཀག་གམ་ཡང་ན་སྔོན་ལ་འགོ་འཛུགས་ཐུབ་པའི་འགན་ལེན་ཡོང་བ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།