འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཧྲང་ཧའེ་རུ་འཁྲབ་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ལྷ་ཕྲུག་ཇོ་རུ་སྒྱུ་རྩལ་ཚོགས་པས། 2016ཧྲང་ཧའེ་རྒྱལ་སྤྱིའི་ལག་བཟོས་དངོས་མང་སྟོན་ཚོགས་ཐོག་ཆེད་དོན་འཁྲབ་སྟོན་བྱས་པ་རེད།
         ཐེངས་འདིའི་ཆེད་དོན་འཁྲབ་སྟོན་ནི་མགོ་ལོག་ཁུལ་གྱིས“ཧྲང་ཧའེ་རྒྱལ་སྤྱིའི་ལག་བཟོས་དངོས་མང་སྟོན་ཚོགས་སྐབས་གཉིས་པར”ཞུགས་རྒྱུར་སྒྲིག་འཛུགས་བྱས་པའི་བྱེད་སྒོ་རབ་དང་རིམ་པའི་གྲས་གཅིག་ཡིན་ལ། ཆེད་དོན་འཁྲབ་སྟོན་དེའི་ཐོག་གཙོ་བོར་གེ་སར་རིག་གནས་དང་། སྲོལ་རྒྱུན་དམངས་ཁྲོད་གླུ་གར། དམངས་གཞས་སོགས་འཁྲབ་སྟོན་བྱས་ནས། ལྟད་མོ་བ་ཚོར་མི་རིགས་རིག་གནས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་བཤམས་པ་དང་། དེ་དག་ཀུན་ལས་《གླིང་དཀར་སྟོད་ཀྱི་དཔའ་རྟུལ་སུམ་ཅུས་རྨ་རྒྱལ་སྦོམ་ར་མཆོད་པ་》དང་། 《འབྲི་མར་སེར་པོའི་དྲི་བསུང》 《གངས་ལྗོངས་སྤྲོ་གླུ》 《སྦྲ་ནག》 《རྨ་ཡུལ་བུ་མོ་》སོགས་ཀྱི་ལེ་ཚན་ལ་ལྷག་ཏུ་དགའ་བསུ་ཐོབ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དར་ལག་རྫོང་ལྷ་ཕྲུག་ཇོ་རུ་སྒྱུ་རྩལ་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བཙུགས་པའི་དམངས་ཁྲོད་སྒྱུ་རྩལ་འབའ་ཞིག་གི་ཚོགས་པ་ཞིག་རེད། ཚོགས་པ་དེའི་ཁོངས་མི་ཚང་མ་ནི་རྫོང་དེའི་གཞི་རིམ་གྱི་འབྲོག་པ་དང་ལས་སྒུག་ན་གཞོན་ཡིན་ལ། ཚོགས་པ་དེ་བཙུགས་ཚུན་དུ་ཞིང་ཆེན་ཕྱི་ནང་གི་རིག་གནས་བྱེད་སྒོར་ཐེངས་མང་པོ་ཞུགས་ཤིང་། ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དང་བབ་ཆགས་པའི་འཁྲབ་སྟོན་ལ་བརྟེན་ནས་ལྟད་མོ་བ་མང་པོའི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།