འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཟློས་གར་《ཚངས་དབྱངས་རྒྱ་མཚོ་》ཐེན་ཅིན་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཐེན་ཅིན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པས་ནུས་ཤུགས་ཡོད་རྒུས་བཏོད་པའི་ཟློས་གར་ཆེ་གྲས་《ཚངས་དབྱངས་རྒྱ་མཚོ་》ཐེན་ཅིན་ཟློས་གར་ཁང་ཆེན་གྱི་གླུ་གར་ཚོམས་ཆེན་དུ་འཁྲབ་སྟོན་བྱས་པ་དང་། གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་དང་། འགྱུར་ཁུག་ལྡན་པའི་གཏམ་རྒྱུད་བྱུང་ཚུལ། བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཟབ་མོ་བཅས་ཀྱིས་ལྟད་མོ་བ་ཚོ་ཚངས་དབྱངས་རྒྱ་མཚོའི་ངོ་མཚར་ཆེ་བའི་མི་ཚེའི་ཁྲོད་དུ་སྐྱོད་པའི་སྣང་བ་ཞིག་བཞག་ཡོད།
         《ཚངས་དབྱངས་རྒྱ་མཚོ་》ནི་ཀྲུང་དབྱང་མི་རིགས་ཟློས་གར་ཚོགས་པ་བཙུགས་ནས་ལོ་དྲུག་ཅུ་ལྷག་ཙམ་རིང་གསར་གཏོད་བྱས་པའི་ཟློས་གར་དང་པོ་དེ་ཡིན་པ་དང་། 2015ལོའི་ལོ་འཁོར་གྱི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་མ་དངུལ་མང་ཤོས་བཏང་བའི་རོགས་སྐྱོར་རྣམ་གྲངས་ཤིག་རེད། ཟློས་གར་ཧྲིལ་པོར་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་མ་ཡིག་དང་མགུར་གླུའི་ནང་དོན་རྨང་གཞིར་བྱས་པ་དང་། ཁོང་བྱིས་པའི་དུས་ནས་ལོ་20བར་གྱི་འཚོ་བ་སྐྱེལ་སྟངས་བདམས་པ། ན་གཞོན་གྲྭ་པ་ཚངས་དབྱངས་རྒྱ་མཚོའི་ནང་སེམས་ཀྱི་འཇིག་རྟེན་དང་དེས་མཚོན་པའི་འོད་སྟོང་འབར་བའི་མི་རིགས་ཀྱི་རིག་གནས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།