འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་
    སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ།  

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། 《གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)བཟོས་ནས་གཤམ་སྤྲོད་བྱས་པ་རེད། གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་ཞབས་ཞུའི་མ་ལག་བཙུགས་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པར་རོགས་སྐྱོབ་དང་སྲུང་སྐྱོང་ལམ་སྲོལ་དང་དེ་བཞིན་གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པ་འབྱུང་རྩ་ནས་སྔོན་འགོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་གི་ལས་ཀའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད། 
         《བསམ་འཆར་》ནང་ཁྱིམ་ཚང་གི་ལྟ་སྐྱོང་པའི་བྱེད་པོའི་འགན་འཁྲི་དང་། དེ་བཞིན་རྫོང་དང་། ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་གྲོང་ཚོ་(འབྲོག་པ་དང་གྲོང་མི)ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ཁ་གསལ་བཟོས་ནས། ཁྱུ་ཚོགས་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། ཆེད་ལས་སྤྱི་ཚོགས་ལས་དོན་པ། དང་བླངས་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་དེར་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། གཞིས་ལུས་བྱིས་པའི་འཚོ་བ་དང་། ལྟ་སྐྱོང་། འཚར་ལོངས་བཅས་ཀྱི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་སྤྱི་ཚོགས་ཡོངས་སུ་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་བྱེད་དགོས་ལུགས་བསྟན་ཡོད། 
         དེ་དང་ཆབས་ཅིག་《བསམ་འཆར་》ནང་གྲོང་གསེབ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པའི་རོགས་སྐྱོབ་དང་སྲུང་སྐྱོང་ལམ་སྲོལ་བཟོ་བའི་ཐད་ནང་དོན་ཕྱོགས་གསུམ་ཁ་གསལ་བཟོ་དགོས་པ་སྟེ། བཙན་འདོམས་སྙན་ཞུའི་བྱེད་པོ་ཁ་གསལ་བཟོ་དགོས་པ་དང་གཅིག འཕྲལ་སྡོད་ཐག་གཅོད་དང་དེ་བཞིན་ལྟ་སྐྱོང་ཐེ་ཇུས་ལས་ཀའི་བརྒྱུད་རིམ་ཁ་གསལ་བཟོ་དགོས་པ་དང་གཉིས། དཔྱད་དཔོག་རོགས་སྐྱོར་ལམ་ལུགས་ཁ་གསལ་བཟོ་དགོས་པ་དང་གསུམ་མོ། 
         《བསམ་འཆར་》གྱི་དགེ་མཚན་ལྡན་པའི་ནུས་པ་འགན་ལེན་ཏན་ཏིག་བྱ་ཆེད། 《བསམ་འཆར་》ནང་རིམ་ཁག་མི་དམངས་སྲིད་གཞུང་གི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། ལྟ་ཞིབ་དཔྱད་ཞིབ་ནན་པོ་བྱེད་པ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ལས་ཀར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆུང་བ་དང་། བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་བ། འགན་འཛོལ་ཤོར་བ་བཅས་ཀྱི་རྐྱེན་པས། གཞིས་ལུས་བྱིས་པར་གནོད་འཚེ་བཟོས་པ་དང་ཐ་ན་མཇུག་འབྲས་ངན་པོ་བཟོས་ཚེ་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་དགོས་ཞེས་སྟོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།