འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་
    6.1%འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་དོན། འདི་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་187.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། དུས་མཚུངས་ལས་6.1%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་པ་དེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་སྤྱིར་ན་མཚུངས་ཡོད། ཟླ་བ་བཅུ་པར་ཟོག་འགྲེམས་དགོས་མཁོས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱས་པ་དང་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་འཕར་ཚད་ཅུང་མགྱོགས་པའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པས་བརྟན་པོའི་ངང་འཕར་བའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་པ་རེད།
         བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དགོས་མཁོ་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་174.3ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ཚེ་ན་ནིང་གི་དུས་མཚུངས་ལས་6.0%འཕར་བ་དང་དེའི་ནང་ཟླ་བ་བཅུ་པར་6.1%འཕར་བ་དང་འཕར་ཚད་ཟླ་བ་དགུ་པ་དང་མཚུངས་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་པ་དང་སྦྲགས། བཟོ་ལས་ཟོག་འགྲེམས་ཀྱི་དགོས་མཁོའི་གྲུབ་ཆའི་ལེགས་སྒྲིག་མངོན་གསལ་དོད་པས་སྲོལ་རྒྱུན་གྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་རིམ་སྤོར་བྱས་པ་དང་དུས་མཚུངས། སྒུལ་ཤུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།
         ནང་འདྲེན་ཟོག་འགྲེམས་ཀྱི་དགོས་མཁོ་ཅུང་ཆེ་རུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར་། ནང་འདྲེན་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8.3ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་1.8%ཆག་ནས་ཆག་ཚད་མུ་མཐུད་དམའ་པོ་ཡོད་པ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.5ཉུང་དུ་ཕྱིན་ཡོད། ཟླ་བ་བཅུ་པའི་ནང་འདྲེན་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་0.9ཟིན་ནས་3.2%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.0ཡི་མགྱོགས་སུ་ཕྱིན་ཡོད། སྣ་ཁ་མི་འདྲ་བར་བལྟས་ན། ལྕགས་གཏེར་ཟེགས་མ་དང་། མ་བཅོས་རྡོ་སྣུམ། ཟངས་སོགས་སྤོམ་ཆེའི་ཚོང་ཟོག་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ཡོད།
         འཛད་སྤྱོད་ཟོག་འགྲེམས་ཀྱི་དགོས་མཁོ་རྒྱུན་མཐུད་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར། འཛད་སྤྱོད་དང་འབྲེལ་བ་ཡོད་པའི་ཚན་པ་དང་གྲོང་མིའི་དངོས་ཟོག་ཟོག་འགྲེམས་ཀྱི་བསྡོམས་འབོར་དུས་མཚུངས་ལས་44.6%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ནས་གསུམ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ཡོད། དྲ་སྦྲེལ་འཕེལ་རྒྱས་དང་གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་ཆེན་པོའི་འོག དྲ་ཐོག་ཟོག་ཉོ་དང་ལྷག་པར་དུ་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཀྱི་དགོས་མཁོ་སོགས་མགྱོགས་མྱུར་འཕར་བས། མྱུར་སྐྱེལ་ལས་སྒོའི་འབོར་ཚད་ཀྱང་དེ་དང་ཆབས་ཅིག་མགྱོགས་མྱུར་འཕར་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།