འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་ཞིང་ཆེན་(རང་སྐྱོང་ལྗོངས་)དྲུག་དང་མཉམ་དུ"རྒྱུད་གཅིག་ལམ་གཅིག"གི་
    སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུས་ཀོང་ཤིས་དང་། ཧའེ་ནན། ཀུའེ་ཀྲོའུ། ཡུན་ནན། ཤིན་ཅང་། ཕུའུ་ཅན་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)དྲུག་གི་སྲིད་གཞུང་གིས་ཚེས་22ཉིན་པེ་ཅིང་དུ་《“རྒྱུད་གཅིག་ལམ་གཅིག”སློབ་གསོ་སྤེལ་བའི་བྱ་སྤྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་དྲན་ཐོར་》མིང་རྟགས་བཀོད་ནས།“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་སློབ་གསོ་སྤེལ་རེས་དང་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། སློབ་གསོ་པུའི་པུའུ་ཀྲང་ཁྲེང་པོ་ཧྲེང་གིས“རྒྱུད་གཅིག་ལམ་གཅིག”གི་སློབ་གསོ་རྒྱལ་སྤྱིར་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ནི་ཀྲུང་གོའི་སློབ་གསོ་དེ་འཛམ་གླིང་གི་སློབ་གསོའི་ལྟེ་བར་ཕྱོགས་པའི་ལམ་ཐིག་དཔེ་རིས་ཤིག་ཡིན་ཞེས་བརྗོད་པ་རེད།
         “རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བྱ་སྤྱོད་ཀྱི་གཙོ་གནད་ནི་སློབ་གསོ་ཕན་ཚུན་སྦྲེལ་མཐུད་ཡོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་བྱེད་པ། དར་གོས་ལམ་བུའི་མཉམ་ལས་ལམ་སྲོལ་མཉམ་སྐྲུན་བྱེད་པ་བཅས་ཕྱོགས་གསུམ་ཐད་མཉམ་ལས་བྱ་རྒྱུ་ཡིན་པ་དེའི་ནང་། “རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་བཅའ་ཁྲིམས་དང་སྲིད་ཇུས་དང་མཉམ་དུ་ཞིབ་འཇུག་བྱས་ནས། སྦྱངས་འབྲས་སྐར་གྲངས་ཕན་ཚུན་ཁས་ལེན་དང་སློབ་གནས་ཕན་ཚུན་སྤྲོད་རེས་དང་མཉམ་སྤྲོད་རིམ་པས་ཆགས་པ་དང་། སྐད་བརྡ་ཕན་ཚུན་འཕྲོད་པའི་སློབ་ཚན་གསར་པ་བཟོས་ནས་རིམ་བཞིན་ལམ་རྒྱུད་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་ཚན་རྒྱལ་ཁབ་སོ་སོའི་སློབ་གྲྭའི་སློབ་ཁྲིད་མ་ལག་ནང་འཇུག་རྒྱུ་དང་། ས་ཁོངས་རང་བཞིན་གྱི་ལས་རིགས་སློབ་གསོའི་བསླབ་པའི་སྒྲོམ་གཞི་མཉམ་དུ་བསྐྲུན་རྒྱུར་གྲོས་བྱས་ཏེ་ལས་ཞུགས་ཁྲོམ་རར་ལས་ཀར་ཞུགས་པའི་ཚད་གཞི་གཅིག་གྱུར་རིམ་པས་ཡོང་བ་བྱ་རྒྱུ། ལམ་རྒྱུད་རྒྱལ་ཁབ་ཁག་གི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་གཏོང་བའི་ཚད་གཞི་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་དགེ་རྒན་གཏོང་རེས་ལ་སྐུལ་མ་གཏོང་རྒྱུ། ལམ་རྒྱུད་རྒྱལ་ཁབ་དབར་གྱི་ཞིབ་འཇུག་དང་། གསོ་སྦྱོང་། འཚམས་འདྲི། སློབ་སྦྱོང་བཅས་ཀྱི་བྱེད་སྒོར་སྐུལ་མ་གཏོང་རྒྱུ། ལམ་རྒྱུད་རྒྱལ་ཁབ་ཁག་གི་མཐོ་སློབ་ཀྱིས་སྐད་ཡིག་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཨར་སྐྲུན། གསོ་རིག ནུས་རྒྱུ། ཁོར་ཡུག་ལས་གྲྭ ཆུ་བེད་ལས་གྲྭ སྐྱེ་དངོས་ཚན་རིག རྒྱ་མཚོའི་ཚན་རིག སྣོད་བཅུད་སྲུང་སྐྱོང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ལམ་རྒྱུད་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་སློབ་མ་མཉམ་དུ་གསོ་སྐྱོང་སྐུལ་ལྕག “དར་གོས་ལམ་བུའི”སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་རིམ་པ་མཐོ་བའི་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ཚུད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་སློབ་གསོ་པུས་ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་མཐོ་སློབ་ལ་《“རྒྱུད་གཅིག་ལམ་གཅིག”གི་སློབ་གསོ་མཉམ་སྐྲུན་ལ་སྐུལ་མ་གཏོང་བའི་བྱ་སྤྱོད་》བཀྲམ་པ་མ་ཟད། ཀན་སུའུ་དང་ཉིང་ཞ་སོགས་ཞིང་ཆེན་དབར་(རང་སྐྱོང་ལྗོངས)དང“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ལ་མཉམ་དུ་སྐུལ་མ་གཏོང་རྒྱུའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་ཆབས་ཅིག འབྲེལ་ཡོད་ཞིང་ཆེན་གཞན་དང་ཡང་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་དགོད་རྒྱུ་ཡིན་པ། ནུས་ཤུགས་ཡོད་རྒུས“རྒྱུད་གཅིག་ལམ་གཅིག”གི་སློབ་གསོའི་གཅིག་མཐུན་འདུས་གྲུབ་ཅིག་ཆགས་པ་བྱས་ཏེ། མཉམ་དུ“རྒྱུད་གཅིག་ལམ་གཅིག”་བསྐྲུན་རྒྱུར་རིག་སྟོབས་དང་ཤེས་ལྡན་པའི་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།