འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལ་ཁས་ལེན་དཔང་འདོན་གྱི"ལོ་ལྔ་ཚན་
    བཅུ་གསུམ་པའི"འཕེལ་རྒྱས་འཆར་འགོད་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་གསར་འགོད་པར་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་ཞིབ་དཔྱད་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་པུའུ་ཨུད་32ཀྱིས་མཉམ་དུ་《ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལ་ཁས་ལེན་དཔང་འདོན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། འཆར་འགོད་ནང་འབྱུང་འགྱུར་ལོ་ལྔའི་ནང་ཁས་ལེན་དཔང་འདོན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུཌ་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་སྤྱི་ཡོངས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་གྲས་སུ་ཚུད་པ་བྱེད་དགོས་ཞེས་བཏོན་པ་དང་། འཆར་འགོད་ནང་2020ལོར་སླེབས་སྐབས་རང་རྒྱལ་གྱིས་གོ་ཆོད་ཁས་ལེན་ལག་ཁྱེར་སྔོན་དཔག་བྱས་ན་ཁྱོན་ཁྲི་240སྤྲོད་རྒྱུ་ཡིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་64%ཡས་མས་འཕར་རྒྱུ་དང་། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་ཁས་ལེན་ཞབས་ཞུའི་ལས་རིཌ་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3000ཡས་མས་ཟིན་རྒྱུ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་55%ཡས་མས་འཕར་རྒྱུ་ཡིན་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།