འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་ཁེ་ལས་ཀྱིས་ཞབས་ཞུ་གཞན་ལ་འགན་གཙང་སྤྲད་
    པའི་གན་འཇོག་མ་དངུལ་དུས་མཚུངས་ལས་9.5%འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཚོང་དོན་པུའི་ཞབས་ཞུ་གཞན་ལ་འགན་གཙང་སྤྲོད་པའི་དོ་དམ་ཆ་འཕྲིན་མ་ལག་གི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་ཁེ་ལས་ཀྱིས་ཞབས་ཞུ་གཞན་ལ་འགན་གཙང་སྤྲད་པའི་གན་འཇོག་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་7166(ཨ་སྒོར་ལ་ཕབ་ན་ཨ་སྒོར་1059.4ཟིན་པ)དང་ལག་བསྟར་དངུལ་སྒོར་དུང་ཕྱུར་5050ཟིན་པ་དེ་9.5%དང་6.9%སོ་སོར་འཕར་ཡོད། དེའི་ཁྲོད་རྒྱལ་ཁབ་གཞན་ལ་ཞབས་ཞུ་འགན་གཙང་སྤྲད་པའི་གན་འཇོག་མ་དངུལ་སྒོར་དུང་ཕྱུར་4794.5དང་། ལག་བསྟར་དངུལ་སྒོར་དུང་ཕྱུར་3289.4ཟིན་པ་དེ་་11.7%དང་5.7%སོ་སོར་འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།