འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྒྱལ་རྩེའི་2017ལོའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་རྒྱལ་རྩེའི་2017ལོའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། "དཔའ་བོའི་གནའ་གྲོང་། ཡིད་འཕྲོག་རྒྱལ་རྩེ།——རོང་ས་དམར་པོའི་ཡུལ་སྐོར"ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་2017ལོའི་བོད་ལྗོངས་རྒྱལ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཁོངས་ནས་ཡོང་བའི་ཡུལ་སྐོར་ལས་དོན་ཁང་མང་པོའི་འཐུས་མི་ཚོས་རྒྱལ་རྩེ་རྫོང་ཡུལ་སྐོར་སྡེ་ཁག་གི་འགན་ཁུར་པ་དང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་ཏེ་གནའ་མཁར་རྒྱལ་རྩེའི་ལོ་རྗེས་མའི་ཡུལ་སྐོར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱས་པ་རེད།
         རྒྱལ་རྩེ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཤར་རྒྱུད་ན་ཡོད་ཅིང་། ཤར་ན་གནོད་སྦྱིན་གང་བཟང་དང་། ལྷོ་ན་ཁང་དམར་རྫོང་། བྱང་ན་རིན་སྤུངས་རྫོང་དང་གཞིས་ཀ་རྩེ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། རྫོང་ཡོངས་སུ་རྫོང་རི་དབྱིན་འགོག་རྗེས་ཤུལ་དང་། ཕ་ལྷ་གཞིས་ཀ། དཔལ་འཁོར་ཆོས་སྡེ་སོགས་གནའ་ཤུལ་གནས་མཆོག་གྲགས་ཅན་ཡོད་པ་མ་ཟད། མཁའ་རེག་ལ་འཁྱགས་རོམ་དང་། མཚོ་མ་ནག  རྩེ་ཆེན་འདམ་ར་སོགས་རང་བྱུང་མཛེས་ལྗོངས་ཁུལ་མང་པོའང་ཡོད་པས། ཡུལ་སྐོར་གྱི་ཁྱད་ཆོས་འབུར་དུ་ཐོན་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ལས་ཤིག་ཆགས་ཡོད་པ་རེད།
    ༄༅།།བོད་ལྗོངས་རྒྱལ་རྩེའི་2017ལོའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
    ༄༅།།བོད་ལྗོངས་རྒྱལ་རྩེའི་2017ལོའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།