འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཁྱམ་རོམ་དང་རི་མཐོའི་འཁྱག་སའི་ཁུལ་སྒྲོལ་བའི་ཆན་ཕུའུ་750ཡི་གློག་
    སྐུད་ཐོག་མ་ནས་གློག་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་22ཉིན་རི་བོ་ཐེན་ཧྲན་སྒྲོལ་བའི་དབྱི་ལི་ནས་ཁུ་ཁྲེ་བར་གྱི་ཆན་ཕུའུ་750ཡི་གློག་སྒྱུར་གློག་གཏོང་ལས་གྲྭ་ལས་མཇུག་འགྲིལ་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཤིན་ཅང་གློག་དྲ་ཨ་མའི་གློག་གནོན་རིམ་པ་ཆན་ཕུའུ་220ནས་ཆན་ཕུའུ་750བར་མཐོ་རུ་ཕྱིན་པ་དང་། གློག་དྲའི་གློག་གཏོང་ནུས་པ་དང་བདེ་འཇགས་སྟོན་གྲངས་སྔར་བས་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད།
         ཚེས་22ཉིན་འཚོགས་པའི་དབྱི་ལི་ནས་ཁུ་ཁྲེ་བར་གྱི་གློག་སྒྱུར་གློག་གཏོང་ལས་གྲྭ་ལས་མཇུག་འགྲིལ་བའི་མཛད་སྒོའི་ཐོག རྒྱལ་ཁབ་གློག་དྲ་ཤིན་ཅང་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་པའེ་ཝུའེ་ཡིས་མ་དངུལ་སྒོར་དུང་ཕྱུར་19.55བཏང་བའི་དབྱི་ལི་ནས་ཁུ་ཁྲེ་བར་གྱི་གློག་སྒྱུར་ལས་གྲྭ་2014ལོའི་ཟླ་11ཚེས་5ཉིན་ལས་འགོ་ཚུགས་པ་དང་། དེའི་རིང་ཚད་ལ་སྟོང་སྨི་353.7ཟིན་པ་དེ་ནི་རང་རྒྱལ་གྱི་འཁྱམ་རོམ་དང་རི་མཐོའི་འཁྱག་སའི་ཁུལ་སྒྲོལ་བའི་ཆན་ཕུའུ་750ཡི་གློག་སྐུད་ཐོག་མ་དེ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
         ཤིན་ཅང་གི་མི་འབོར་མང་ཆེ་བ་ཁ་ཐོར་གྱི་སྤང་ལྗོངས་ཐོག་གནས་པ་དང་། ས་ཆ་ཕན་ཚུན་དབར་གློག་དྲའི་བར་ཐག་སྤྱི་ལི་300ཡས་མས་ཟིན་པ། གློག་དྲའི་ཤར་ནུབ་དང་ལྷོ་བྱང་འཕྲེད་བརྒལ་བར་ཐག་སྤྱིར་ན་སྤྱི་ལི་2000ལྷག་ཙམ་ཡོད་པས། ཆན་ཕུའུ་220ཡི་གློག་དྲས་གློག་དྲ་དྲ་སྦྲེལ་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་གཞི་ཁྱོན་རིམ་སྤོར་སོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། གློག་ཤུགས་སྡེ་ཚན་གྱི་ལག་རྩལ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཆན་ཕུའུ་750ཡི་གློག་སྐུད་དེ་ཆན་ཕུའུ་220ཡི་གློག་གཏོང་ཚད་ལས་ལྡབ་11ཙམ་གྱིས་མཐོ་བ་ཡོད།
         དབྱི་ལི་ནས་ཁུ་ཁྲེ་བར་གྱི་གློག་དྲས་རི་བོ་ཐེན་ཧྲན་ནུབ་འདབས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་བརྒྱུད་པས། 90%ཡི་གློག་ཤིང་རྒྱུན་གཏན་གྱི་གློག་ཤིང་ལས་སྨི་30ལྷག་ཙམ་གྱིས་མཐོ་རུ་བཏང་བས། གདོད་མའི་ཡུན་ཧྲན་གསོམ་ཤིང་མུ་མཐུད་ལོ་100ཡན་སྐྱེ་འཚར་ཐུབ་པའི་བར་མཐོངས་བཞག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།