འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་
    མི་ཚོགས་ཆེན་སྐབས་གསུམ་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་ནི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་སྤེལ་བྱ་གཞག་ལ་གཞོལ་མཁན་གྱི་དམངས་ཁྲོད་ཚོགས་པ་གལ་ཆེན་ཞིག་ཡིན་པ་མ་ཟད། ད་དུང་ཕྱི་ཕྱོགས་སུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དྲིལ་བསྒྲགས་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། མཐུན་ཚོགས་བཙུགས་ཚུན་བོད་ཀྱི་ལས་དོན་ཐད་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་སྤེལ་གཏོང་བ་དང་། མི་རིགས་ཁག་འབྲེལ་འདྲིས་དང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཞུགས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཐོག“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་བཏོན་པ་དང་འབྲེལ“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་ཡང་གཏན་འཁེལ་བྱས་ནས་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་ཐད་ཁ་ཕྱོགས་གསལ་པོར་བསྟན་པ་རེད། མཐུན་ཚོགས་དེའི་ལས་འཛིན་རྣམས་ཀྱིས་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཐོག་ཁྱད་ཆོས་མངོན་པ་དང་ལེགས་ཆ་འདོན་སྤེལ་བྱས་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་མཉམ་དུ་མཇལ་འཕྲད་གནང་བ་རེད།
         ཚོགས་ཆེན་ཐོག་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་6སོང་རིང་གི་ལས་དོན་ཕྱོགས་སྡོམ་བྱས་པ་དང་སྦྲགས། ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཁོངས་མི་འདེམས་བསྐོ་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་སྐབས་གསུམ་པའི་ཚོགས་གཙོར་བདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།