འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཐེན་ལེན་ཨང་དང་པོའི་སྲུང་སྐར་04 གྲུབ་འབྲས་ཐོབ་པའི་ངང་འཕེན་
    གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གྱི་ཆུ་ཚོད་23དང་སྐར་མ་24ཡི་ཐོག་རང་རྒྱལ་གྱི་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་སྐྱོད་ཨང་གསུམ་པ་ག་པ་མེ་ཤུགས་འཕུར་མདའ་སྤྱད་དེ་ཐེན་ལེན་ཨང་དང་པོའི་སྲུང་སྐར་04གྲུབ་འབྲས་ཐོབ་པའི་ངང་བར་སྣང་ཐོག་བསྐྱལ་བ་རེད།
         ཐེན་ལེན་ཨང་དང་པོའི་སྲུང་སྐར་04ནི་རང་རྒྱལ་གྱི་གོ་ལའི་མཉམ་བགྲོད་འཁོར་ལམ་གྱི་གྲངས་གཞིའི་བརྒྱུད་སྤྲོད་སྲུང་སྐར་ཨང་བཞི་པ་ཡིན་པ་དང་དེས་ཐེན་ལེན་ཨང་དང་པོའི་སྲུང་སྐར་01དང་། སྲུང་སྐར་02 སྲུང་སྐར་03བཅས་དང་མཉམ་དུ་གོ་ལ་ཧྲིལ་པོར་དྲ་གྲུབ་འཁོར་སྐྱོད་ཡོང་བ་བྱས་ནས་རང་རྒྱལ་གྱི་ལྷ་གྲུ་རྟགས་ཅན་འཕུར་གྲུ་དང་། བར་སྣང་ཚོད་ལྟ་ཁང་། བར་སྣང་ས་ཚིགས་བཅས་ལ་གཞི་གྲངས་བརྒྱུད་སྤྲོད་དང་ཚད་ལེན་ཚོད་འཛིན་གྱི་ཞབས་ཞུ་སྒྲུབ་སྟེ་བར་སྣང་གི་འབྲེལ་མཐུད་སྣོལ་བསྡུའི་ལས་འགན་ལ་རམ་འདེགས་བྱ་རྒྱུ་མ་ཟད། དེ་དང་ཕྱོགས་མཚུངས་རང་རྒྱལ་གྱི་འཁོར་ལམ་བར་དམའི་ཐོག་བསྐྱོད་པའི་ཐོན་ཁུངས་རྩད་ཞིབ་སྲུང་སྐར་ལ་གཞི་གྲངས་བརྒྱུད་སྤྲོད་ཀྱི་ཞབས་ཞུ་བསྒྲུབས་ནས་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་འཕེན་གཏོང་བྱ་རྒྱུར་ཚད་ལེན་ཚོད་འཛིན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།