འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་གདན་ཞུས་ལྟར་ཀྲུང་གོའི་ཧང་ཀྲོའུ་
    རྒྱལ་སྤྱིའི་མིག་མངས་རིག་གནས་ཀྱི་འགོ་གཙོའི་ཚོགས་འདུར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་ཧང་ཀྲོའུ་རྒྱལ་སྤྱིའི་མིག་མངས་རིག་གནས་ཀྱི་འགོ་གཙོའི་ཚོགས་འདུ་ཧང་ཀྲོའུ་ཐེན་ཡོན་ཁང་ཆེན་དུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱིས་གདན་ཞུས་ལྟར་ཐེན་ཡོན་ཁང་ཆེན་གྱི་ཐོག་བརྩེགས་དང་པོའི་དཀྱིལ་ཚོམས་སུ་བཀོད་སྒྲིག་བྱས་པའི་བོད་ཀྱི་རིག་གནས་འགྲེམས་སྟོན་ཁུལ་ནི་ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ་དང་མཁས་དབང་དང་། གཙོ་གཉེར་བྱེད་མཁན་ཕྱོགས་བཅས་ཀྱི་དགའ་བསུ་ཆེན་པོ་དང་གདེང་འཇོག་ལེགས་པོ་ཐོབ་ཅིང་། བོད་ཀྱི་མིག་མངས་དང་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་སོང་སྟེ་ཚོགས་འདུར་ཞུགས་མཁན་རྣམས་ལ་བག་ཆགས་བཟང་པོ་བཞག་པ་རེད། ཤེས་གསལ་ལྟར་ན། ཧང་ཀྲོའུ་རྒྱལ་སྤྱིའི་མིག་མངས་རིག་གནས་ཀྱི་འགོ་གཙོའི་ཚོགས་འདུ་ནི་ཀྲུང་གོའི་ཚད་གཞི་མཐོ་ཤོས་ཀྱི་མིག་མངས་རིག་གནས་ཚོགས་འདུ་ཞིག་ཡིན་པ་དང་། འཛམ་གླིང་ས་གནས་ཁག་དང་རྒྱལ་ནང་ནས་ཕེབས་པའི་ཆེད་ལས་མཁས་པ་ཁྱོན་བསྡོམས་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་གོའི་ཝེ་ཆི་མིག་མངས་ལས་རིགས་ཀྱི་སྐད་གྲགས་ཆེ་བའི་མིག་མངས་མཁས་པ་ཉེ་ཝེ་ཕིང་དང་། ཝང་རུའུ་ནན། ཧྭ་དབྱི་ཀང་སོགས་ཚོགས་འདུར་ཞུགས་ནས་རྒྱབ་སྐྱོར་གནང་བ་རེད། 
         ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཐའོ་གདན་ཞུས་ལྟར་ནན་ཅིང་གྲོང་ཁྱེར་དུ་ཕེབས་ཏེ་ཀྲུང་གོའི་ཝེ་ཆི་མིག་མངས་སློབ་གླིང་དང་པོ་སྟེ་ནན་ཅིང་བཟོ་ལས་སློབ་ཆེན་ཕུའུ་ཅང་སློབ་གླིང་གི་ཝེ་ཆི་མིག་མངས་སློབ་གླིང་ལ་འཚམས་འདྲི་ཞུས་པ་མ་ཟད། ཆེད་ལས་མཁས་པ་གཞན་དང་མཉམ་དུ་ཝེ་ཆི་མིག་མངས་སློབ་གླིང་གི་སློབ་མ་ཚོར་ཝེ་ཆི་མིག་མངས་དང་མི་ཚེ་གཅིག་མིག་མངས་རྩེ་བ་ཞེས་པའི་འཆད་ཁྲིད་ཀྱང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།