འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོ་སྲིད་གཞུང་གིས"སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི"དོན་རྐྱེན་ལ་དམིགས་
    བསལ་གྱི་ཞིབ་དཔྱོད་དཔོན་བསྐོ་བའི་ཇུས་གཞིར་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་རྒྱལ་དོན་ཚོགས་འདུ་འཚོགས་ནས་ཙུང་ཐུང་ཕེའོ་ཅིང་ཧུའེ་ཡི“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”དོན་རྐྱེན་གྱི་གནས་ཚུལ་ངོ་མར་རྩད་ཆོད་མཐའ་གསལ་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་དམིགས་བསལ་གྱི་ཞིབ་དཔྱོད་དཔོན་བསྐོ་བའི་ཇུས་གཞིར་ཞིབ་བཤེར་གྲོས་འཆམ་བྱུང་བ་རེད།
         རྒྱལ་དོན་ཚོགས་འདུ་དེ་དཔལ་འབྱོར་ལས་དོན་གྱི་འགན་འཁུར་མཁན་ཙུང་ལི་གཞོན་པ་དང་ཁེ་ལས་འཆར་འགོད་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པ་ལིའུ་དབྱི་ཧའོ་ཡིས་གཙོ་སྐྱོང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཇུས་གཞི་དེར་ཕེའོ་ཅིང་ཧུའེ་ཡི་ཆོག་མཆན་ཐོབ་དགོས་པ་མ་ཟད། ཆོག་མཆན་ཐོབ་རྗེས་གཞི་ནས་གོ་རིམ་བཞིན་ལག་ལེན་བསྟར་ཆོག་གི་ཡོད། གཞན་ཡང་ཆིང་ཝ་ཐའེ་ཡི་འབྲེལ་ཡོད་མི་སྣས་ཇུས་གཞི་དེ་གོང་ཚེས་ཉིན་ཙུང་ཐུང་གི་ཆོག་མཆན་ཐོབ་ཡོད་ཚུལ་བརྗོད་པ་རེད།
         དམིགས་བསལ་ཞིབ་དཔྱོད་དཔོན་བསྐོ་གཞག་བྱས་པའི་ཉིན་ནས་བཟུང་གི་ཉིན་20ནང་ཚུན་དུ་གྲ་སྒྲིག་བྱས་ནས་གྲ་སྒྲིག་དུས་ཚོད་ཐིམས་རྗེས་ཀྱི་ཉིན་70ཡི་ནང་ཚུན་དུ་བརྟག་དཔྱད་ལེགས་གྲུབ་བྱ་རྒྱུ་དང་འབྲེལ་གཞུང་གཏུག་བྱ་མིན་གཏན་འཁེལ་བྱ་རྒྱུ་རེད། ཙུང་ཐུང་གི་ཆོག་མཆན་ཐོབ་ཚེ་བརྟག་དཔྱད་དུས་ཚོད་ཉིན་30ནར་འགྱངས་བྱེད་ཆོག་གི་ཡོད།
         ཚེས་4ཉིན་ཕེའོ་ཅིང་ཧུའེ་ཡིས་རྒྱལ་དམངས་ལ་གཏམ་བཤད་སྤེལ་སྐབས“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”དོན་རྐྱེན་གྱི་གནས་ཚུལ་ངོ་མ་དང་འགན་འཁྲི་རྩད་གཅོད་མཐའ་གསལ་ཡོང་བའི་བརྟག་དཔྱད་ལ་གཞོགས་འདེགས་གང་ཐུབ་ཅི་ཐུབ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།