འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲིམ་འགྲུལ་དངུལ་ཁང་རོ་མ་ཡན་ལག་དངུལ་ཁང་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། ཀྲུང་གོ་འགྲིམ་འགྲུལ་དངུལ་ཁང་རོ་མ་ཡན་ལག་དངུལ་ཁང་དངོས་སུ་སྒོ་བྱང་བཀལ་ཡོད། དེ་ནི་འགྲིམ་འགྲུལ་དངུལ་ཁང་གིས་ཡོ་རོབ་ལྷོ་མར་བཙུགས་པའི་ལས་གཉེར་སྒྲིག་གཞི་ཐོག་མ་དེ་ཡིན་པ་རེད།
         འགྲིམ་འགྲུལ་དངུལ་ཁང་གི་ཏུང་ཧྲི་ཀྲང་ཉིའུ་ཤིས་མིང་གིས་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་འགྲིམ་འགྲུལ་དངུལ་ཁང་རོ་མ་ཡན་ལག་དངུལ་ཁང་གིས་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་ཚོང་ཟོག་དང་། ཞབས་ཞུ། མ་རྩ་བཅས་ཐད་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྤུས་ལེགས་ནུས་ཆེའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         འགྲིམ་འགྲུལ་དངུལ་ཁང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་9པའི་ཟླ་མཇུག་བར་འགྲིམ་འགྲུལ་དངུལ་ཁང་གིས་རྒྱལ་ཁབ་དང་ས་ཁུལ་13ལ་མངའ་ཁོངས་ཕྱིའི་དངུལ་ཁང་སྒྲིག་གཞི་15དང་མངའ་ཁོངས་ཕྱིའི་ལས་གཉེར་བྱེད་ས་56བཙུགས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།