འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་དགུན་དུས་བྱ་གཟིགས་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང“སྣོད་བཅུད་བདེ་ཆེན། མཁའ་དབྱིངས་འཕུར་སྒྲོ”ཞེས་བརྗོད་བྱ་གཙོ་བོར་བྱས་པའི་2016ལོའི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་དགུན་དུས་བྱ་གཟིགས་དུས་ཆེན་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
         བདེ་ཆེན་ཀྲོའུ་རུ་མཚེའུ་དང་། འདམ་ར། སྤང་ཐང་། རི་མཐོ། ནགས་ཚལ་བཅས་ལས་གྲུབ་པའི་སྣ་མང་དང་ཕན་ཚུན་འབྲེལ་བ་ཡོད་པའི་ས་མཐོའི་འདམ་རའི་སྣོད་བཅུད་མ་ལག་ཡོད་པའི་ཁར། སེམས་ཀྱི་ཉི་ཟླས་ལྟེ་བར་བྱེད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་བྱ་རིགས་300ལྷག་ཙམ་ཡོད་པའི་ནང་རྩ་ཆེའི་བྱ་རིགས་ཡིན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཁྲུང་ཁྲུང་སྐེ་ནག་ལོ་ལྟར་སེམས་ཀྱི་ཉི་ལྟར་དགུན་ཁ་སྐྱེལ་བར་ཡོང་གི་ཡོད་པ་རེད།
         ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་བྱ་གཟིགས་དུས་ཆེན་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་བྱ་གྲོགས་དང་དེ་བཞིན་སྤྱི་དམངས་ཀྱི་བྱ་གཟིགས་མཐོང་རྒྱ་ཆེ་རུ་གཏོང་རྒྱུ་དང་། བྱ་གྲོགས་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུའི་ཡིད་དབང་འགུགས་རྒྱུ། ཀྲུང་གོའི་བྱ་གཟིགས་བྱེད་སྒོ་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་རྒྱུ། ལོ་20རིང་གི་ཀྲུང་གོའི་བྱ་གཟིགས་བྱེད་སྒོའི་གྲུབ་འབྲས་སྟོན་རྒྱུ། བྱ་གཟིགས་ཡུལ་སྐོར་དང་དེ་བཞིན་སྣོད་བཅུད་ཡུལ་སྐོར་གཞན་སྣེ་ཁྲིད་བྱ་རྒྱུ། བདེ་ཆེན་གྱི་ཡུལ་སྐོར་སྙན་གྲགས་རྒྱ་ཆེར་གཏོང་ཆེད་བཅས་ཡིན་ལ་གྲོང་གསེབ་སྡེ་ཁུལ་དུ་བྱ་གཅེས་བྱ་སྲུང་དང་། བྱ་གཟིགས་ཤེས་བྱ། སྣོད་བཅུད་ཡུལ་སྐོར་གསོ་སྦྱོང་བཅས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཁོར་ཡུག་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་སྡེ་ཁུལ་ལ་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཡོང་ཆེད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།