འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།"དར་གོས་ལམ་བུ་གསར་པའི་ཐོག་གི་དོས་སྒམ་སྔོན་པོའི"བྱེད་སྒོ་སྐབས་དང་པོ་འཇར་
    མན་གྱི་ཏུའུ་སེའར་ཏུའོ་ཕུའུ་ལ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན“དར་གོས་ལམ་བུ་གསར་པའི་ཐོག་གི་དོས་སྒམ་སྔོན་པོའི”བྱེད་སྒོ་སྐབས་དང་པོ་འཇར་མན་གྱི་ཏུའུ་སེའར་ཏུའོ་ཕུའུ་གྲོང་ཁྱེར་གྱི་ཝུའེ་ཀྲོའུ་བྱང་མའི་གྲོས་ཚོགས་ཁང་གི་ཚོམས་ཆེན་ནང་འགོ་ཚུགས་པ་རེད།
         བྱེད་སྒོ་ཉིན་དྲུག་སྤེལ་རིང་དོས་སྒམ་བཅུ་གྲངས་ཁ་ཤས་ཐོག“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔེ་དེབ་དང་། རི་མོ། བཟོ་རྩལ་ཐོན་རྫས་སོགས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
         ཝུའེ་ཀྲོའུ་བྱང་མའི་གྲོས་ཚོགས་ཀྱི་དབྱི་ཀྲང་གཞོན་པ་ཕ་ཕུའུ་ཁེས་འགོ་ཚུགས་མཛད་སྒོའི་ཐོག་ད་ཐེངས་ཀྱི་བྱེད་སྒོ་དེས“རྒྱུད་གཅིག་ལམ་གཅིག”ནི་དཔལ་འབྱོར་གྱི་རྒྱུད་ཅིག་ཡིན་པ་མ་ཟད། རིག་གནས་ཀྱི་ལམ་བུ་ཞིག་ཀྱང་ཡིན་པ་དང་རིག་གནས་ལ་བརྟེན་ནས་ལམ་རྒྱུད་རྒྱལ་ཁབ་དབར་གྱི་བར་ཐག་ཉེ་རུ་བཏང་སྟེ་ཕན་ཚུན་དབར་སྤེལ་རེས་གཏིང་ཟབ་ཐུབ་རྒྱུ་ཡིན་པ་མཚོན་ཡོད་ཅེས་བཤད་པ་རེད།
         “དར་གོས་ལམ་བུ་གསར་པའི་ཐོག་གི་དོས་སྒམ་སྔོན་པོའི”བྱེད་སྒོ་ཀྲུང་གོ་དང་ཡོ་རོབ་ཀྱི་ལྕགས་ལམ་བགྲོད་ལམ་ཆེན་པོ་བརྒྱུད་དོས་སྒམ་སྔོན་པོ་གཞི་རྟེན་དུ་བྱས་ཏེ“དར་གོས་ལམ་བུ་གསར་པའི”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་ལ་རྒྱལ་སྤྱིའི་རིག་གནས་དང་དཔལ་འབྱོར་སྤེལ་རེས་བྱེད་སྒོ་སྤེལ་རྒྱུ་མ་ཟད། ཀྲུང་གོ་དང་།  ཏུར་མེན་སི་ཐན། ཧ་སག་སི་ཐན། དབྱི་རན། ཐུར་ཁེ། ཀེ་རི་སེ། དབྱི་ཐ་ལི། སུའེ་ཙེར། འཇར་མན་སོགས་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཁས་པ་དང་མཁས་དབང་གདན་དྲངས་ཏེ་དོས་སྒམ་སྔོན་པོར་བརྟེན་ནས་དེ་གར་གསར་གཏོད་དང་འགྲེམས་སྟོན་བྱས་ཏེ་བྱེད་སྒོ་དེ་ཉིད“རྒྱུད་གཅིག་ལམ་གཅིག”གི་རིག་གནས་དང་དཔལ་འབྱོར་སྤེལ་རེས་ཀྱི་སྐོར་སྐྱོད་ལས་སྟེགས་ཤིག་ལ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།