འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།"ཨ་རབ་ཀྱི་ལོ་ཙཱ་བ་དང་རྒྱ་རིག་པ་མཁས་ཅན་གྱི་མཐུན་འབྲེལ་ལྷན་ཚོགས"དེ་ཁེ་རོར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེ་རོ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཁེ་རོའི་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས“ཨ་རབ་ཀྱི་ལོ་ཙཱ་བ་དང་རྒྱ་རིག་པ་མཁས་ཅན་གྱི་མཐུན་འབྲེལ་ལྷན་ཚོགས”བཙུགས་པ་རེད། མཐུན་འབྲེལ་ལྷན་ཚོགས་བཙུགས་པའི་དམིགས་ཡུལ་ནི་ཨེ་ཅིབ་དང་ཨ་རབ་ཡུལ་ཕྱོགས་ཀྱི་ཀྲུང་གོ་དང་འབྲེལ་བའི་ལོ་ཙཱ་བ་དང་རྒྱ་རིག་པའི་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱ་རིག་པར་ཞིབ་འཇུག་དང་ཀྲུང་ཨ་ལོ་ཙཱའི་བྱ་བར་འདུན་པ་ཆེ་བའི་ན་གཞོན་མཁས་པ་བསྡུ་ལེན་དང་གསོ་སྐྱོང་བྱས་ཏེ་ཨེ་ཅིབ་ཀྱི་ལོ་ཙཱའི་ཁྱབ་ཁོངས་སུ་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པར་བྱ་རྒྱུ་དེ་ཡིན་པ་རེད།
         ཁེ་རོའི་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཏུང་ཡུན་དང་། ཨེ་ཅིབ་ཀྱི་ལོ་ཙཱ་བ་གྲགས་ཅན་དང་རྒྱ་རིག་པ་མཁས་ཅན་ན་ཤིས་ཏེ·ཨ་པུའུ་ཏུའུ་ལ། ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་བྱས་རྗེས་ཀྱི་བྱ་དགའ་ཐོབ་མཁན་མུའུ་ཧའོ་ཤིན·ཧྥའར་ཅ་ཉི། ཨེ་ཅིབ་ཀྱི་ཀྲུང་གོའི་གནད་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་ཧའོ་སའེ་དབྱིན·དབྱི་སི་མེའར། ཨེ་ཅིབ་ཀྱི་ཨེ་དབྱིན་ཞ་མུའུ་སི་སློབ་ཆེན་གྱི་སྐད་ཡིག་སློབ་གླིང་གི་རྒྱ་ཡིག་ཚན་ཁག་གི་ལོ་ཙཱའི་དགེ་རྒན་ཆེ་མོ་བ་ཤིས་ཧྲ་མུའུ·མུའུ་ས·མ་ལི་ཅི་སོགས་མཐུན་འབྲེལ་ལྷན་ཚོགས་བཙུགས་པའི་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།