འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོར་ཉིན་ལྟར་རྒྱགས་ཕྱེ་སྤྲོད་མཁན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ང་ཚོར་ཉིན་ལྟར་རྒྱགས་ཕྱེ་སྤྲོད་མཁན།
         དུས་རབས་21པ་ཤར་རྗེས་ཀྲུང་གོའི་ཀློག་པ་པོའི་ཆི་ལིའི་རྩོམ་རིག་དཔེ་ཐོའི་ནང་ལུའོ་པེ་ཐུའོ·པོ་ལ་ཉི་ཨོ་ཡི་མིང་ཐོན་ཡོད། ཁོང་གི་《མྱ་ངམ་ཐང་གི་མྱུལ་ཞིབ་》དང་《2666》བརྩམས་སྒྲུང་གཉིས་ལ་ཀློག་པ་པོའི་ཚ་རླབས་འཕྱུར་བ་དང་། “རྩོམ་རིག་ཀློང་དུ་བརྡོལ་བའི”རྗེས་སུ་སི་ཕེན་གྱི་སྐད་ཡིག་སྤྱོད་པའི་ཨ་མེ་རིཁ་གླིང་གི་རྩོམ་རིག་གིས་སླར་ཡང་རྒྱའི་སྐད་ཡིག་གི་རྩོམ་རིག་ཁྲོད་ཡིད་དབང་འཕྲོག་པར་བྱས་པ་རེད།
         ལུའོ་པེ་ཐོ·པོ་ལ་ཉི་ཨོ་ཆི་ལིའི་རྒྱལ་ས་ཨིན་ཅ་མེ་ན་རུ་སྐྱེས་པ་དང་ཆུང་དུས་ནང་མི་དང་མཉམ་དུ་མོ་ཞི་ཁོར་གནས་སྤོ་བྱས། 1973ལོར་ན་གཞོན་ཆི·ཀེ་ཝ་ལ་དང་འདྲ་བར་པོ་ལ་ཉི་ཨོ་ཨ་མེ་རི་ཁ་གླིང་གི་སྐམ་ས་ཆེ་མོར་བསྐྱོད་དེ་ཆི་ལིའི་དམག་དོན་སྲིད་འགྱུར་གོང་གི་ཟླ་བ་འགའི་གོང་མེས་རྒྱལ་དུ་ཕྱིར་ལོག་བྱས་པ་ལས་ཨ་ལེན་ཏེ་སྲིད་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མཚོན།
         1977ལོར“རྩོམ་རིག་གི་གནད་དོན་རྙོག་འཛིང་ཆེ་བ་དེ་དག་ལ་སུན་སྣང་སྐྱེས་པའི”དབང་གིས་པོ་ལ་ཉི་ཨོ་མོ་ཞི་ཁོ་ནས་ཁ་བྲལ་ཏེ་དུས་ཚོད་ཅུང་ཟད་རིང་ཨ་ཧྥེ་རི་ཁ་དང་། ཧྥ་རན་སེ། སི་ཕེན་བཅས་སུ་འཁྱམ་ནས་འཚོ་བར་ཟང་ཟིང་ཆེན་པོ་བྱུང་བ་དང་ལོ་རབས་80པའི་དུས་དཀྱིལ་དུ་གཞི་ནས་ལྷིང་འཇགས་བྱུང་ཡོད། 1986ལོར་པོ་ལ་ཉི་ཨོ་པ་སའེ་ལུའོ་ན་ཉེ་འགྲམ་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་གཞིས་ཆགས་ནས་རྩོམ་འབྲིའི་ལས་ལ་གཞོལ་བས་བརྩམས་ཆོས་ཀྱི་སྙན་གྲགས་ཇེ་ཆེར་སོང་ཡོད་མོད། འོན་ཀྱང་ཁོང་གི་མཆིན་ནད་ཇེ་སྡུག་ཏུ་སོང་རུང་ཁོང་གིས་རྩོམ་ཡིག་འབྲི་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས། 2003ལོའི་ཟླ་7ཚེས་15ཉིན་མཆིན་ནུས་ཉམས་ནས་ཚེ་ལས་འདས།
         པོ་ལ་ཉི་ཨོ་ནི་ཆི་ལིའི་སྙན་ངག་གི་བརྟན་སྲུང་པ་དང་གསར་གཏོད་པ་ཡིན་པས་སྔོན་བྱོན་སྙན་ངག་པ་ཚོ་དང་འདྲ་བར་ལངས་ཕྱོགས་དང་ཐབས་ལམ་གང་ཞིག་གི་ཐད་ལའང་པོ་ལ་ཉི་ཨོ་ཡིས་སྙན་ངག་བརྟན་སྲུང་དང་དེར་དགའ་ཞེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཁོང་གིས་སྙན་ངག་གི་ངོ་བོ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་སྐད་ཡིག་དང་སྐད་ཆ། དངོས་ཡོད་རིང་ལུགས་དང་བདེན་དོན། ལད་མོ་བཅས་དབར་གྱི་འབྲེལ་བ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།
          “ངས་ང་རང་གི་སྙན་ངག་བྲིས་ཚར་མིན་ལ་སྣང་བ་གཏོང་གི་མེད”—— པོ་ལ་ཉི་ཨོས།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།