འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་སྨོན་ལམ་གྱི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་སྨོན་ལམ་གྱི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་སྨོན་ལམ་གྱི་མཛད་སྒོ་སྤེལ་ཞིང་། མཛད་སྒོ་ནང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དང་། རྒྱ་བརྒྱུད་ནང་བསྟན། བལ་ཡུལ་གྱི་ས་གནས་ཆོས་ལུགས་ཀྱི་མི་སྣ་སོགས་ཞུགས་ཡོད་པ་རེད།
         བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ནི་འཛམ་གླིང་ཐོག་བོད་བརྒྱུད་ནང་བསྟན་གྱི་ལྷུང་བཟེད་ཁ་སྦུབ་དབྱིབས་ཀྱི་མཆོད་རྟེན་དཀར་པོ་ཆེ་ཤོས་ཡིན་ལ། བཞེངས་ནས་ལོ་ངོ་1600ལྷག་ཙམ་འདས་ཡོད། 2015ལོའི་ས་ཡོམ་ཆེན་མོའི་ཁྲོད་དུ་མཆོད་རྟེན་གཞི་མའི་དབུ་རྩེར་གས་ཆག་ཤོར་བ་དང་། ཉེ་འགྲམ་གྱི་མཆོད་རྟེན་ཡང་བརྡིབས་པ་རེད། ལོ་གཅིག་རིང་ལ་ཞིག་གསོ་བྱས་རྗེས། མཆོན་རྟེན་དེ་ཧ་ལམ་བསྐྱར་གསོ་ལེགས་གྲུབ་བྱུང་ཡོད་པ་རེད།
    ༄༅།།བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་སྨོན་ལམ་གྱི་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།