འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོན་ལུང་ཕིང་གི“ཧྭ་ནན་དུས་ཚིགས་གཉིས་ཀྱི་རིམ་འདས་འབྲས་ལོར་མུའུ་རེ་ནས་ཐོན་འབབ་
    རྒྱ་མ་3000ཟིན་པའི་ལག་རྩལ”གྱིས་ཟིན་ཐོ་གསར་པ་སླར་ཡང་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན་གྱི་ཉིན་དགུང་ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་ཤིང་ཉིང་གྲོང་ཁྱེར་ལུང་ཐེན་གྲོང་རྡལ་ཧོན་ཕི་གྲོང་ཚོའི“ཧྭ་ནན་དུས་ཚིགས་གཉིས་ཀྱི་རིམ་འདས་འབྲས་ལོར་མུའུ་རེ་ནས་ཐོན་འབབ་རྒྱ་མ་3000ཟིན་པའི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལྗང་མདོག་ལས་ཆོད་མཐོ་བའི་རྣམ་པའི་འགག་སྒྲོལ”རྣམ་གྲངས་ཀྱི་ཐོན་འབོར་ཚོད་རྩིས་བརྟག་དཔྱད་རྩིས་ལེན་ཚོགས་ཆུང་གིས་ཐོན་འབོར་ཚོད་རྩིས་བྱས་རྗེས་རྣམ་གྲངས་འདིར་ལོར་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་1537.78ཟིན་ཡོད་པས་རྣམ་གྲངས་ཚོད་ལྟར་གྲུབ་འབྲས་ཡག་པོ་ཐོབ་པ་དང་འབྲེལ། ཆུ་འབྲས་མུའུ་རེའི་ཐོན་འབབ་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པའི་ཁྱབ་བསྒྲགས་བྱས་པ་རེད།
         ཡོན་ལུང་ཕིང་གིས་འདི་ནི་རིམ་འདས་འབྲས་ཀྱི་ལག་རྩལ་ཨང་ལྔ་པ་ཡིན་པ་དང་། ད་ཐེངས་རྣམ་གྲངས་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཀྲུང་གོའི་ཆུ་འབྲས་ཐོན་འབབ་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་ཞིག་བཏོད་པ་མཚོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།