འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་མོང་གོལ་ཕྱོགས་ལ་ཏཱ་ལའི་ཕྱོགས་མྱུལ་ངན་འབྲེལ་ལས་བྱུང་བའི་
    ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས་པའི་སྐུལ་མ་གཏོང་གི་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་མོང་གོལ་ཕྱོགས་ལ་ཏཱ་ལའི་ཕྱོགས་མྱུལ་ངན་འབྲེལ་ལས་བྱུང་བའི་
ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས་པའི་སྐུལ་མ་གཏོང་གི་ཡིན་ཞེས་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་མོང་གོལ་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱ་རྒྱུའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་ཀྲུང་གོར་རྒོལ་བ་དང་ཀྲུང་གོ་ཁ་བྲལ་གཏོང་བའི་ངོ་བོ་གསལ་རྟོགས་བྱ་དགོས་པ་དང་། བྱ་ཐབས་ནུས་ལྡན་ལག་བསྟར་བྱས་ཏེ་ཏཱ་ལའི་ཕྱོགས་མྱུལ་ངན་འབྲེལ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས་པའི་སྐུལ་མ་གཏོང་གི་ཡིན་ཞེས་བསྟན་པ་རེད།
         གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་མོང་གོལ་རྒྱལ་ཁབ་ཏུ་བསྐྱོད་དེ་བྱེད་སྒོ་སྤེལ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་དོན་འདིའི་ཐད་ལ་དཔྱད་གཏམ་ཅི་ཞིག་ཡོད་དམ་ཞེས་དྲི་བ་བཏོན་པ་རེད།
         ཀེང་ཧྲོང་གིས་ཉེ་ཆར་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཀག་སྡོམ་བསླབ་བྱ་ཐེངས་མང་བྱས་པར་མ་ཉན་པར་རང་འདོད་མཁྲེགས་བཟུང་གིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་མོང་གོལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱ་རྒྱུར་གདན་འདྲེན་བྱས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ཡིད་གཏན་ནས་མ་རངས་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
         ཀེང་ཧྲོང་གིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ལ་ཁ་གཡར་ནས་ཡུན་རིང་ཀྲུང་གོར་རྒོལ་བ་དང་ཀྲུང་གོ་ཁ་བྲལ་གཏོང་བའི་བྱ་ངན་སྤེལ་ཏེ་བོད་ལྗོངས་འདི་ཉིད་ཀྲུང་གོ་ནས་ཁ་བྲལ་གཏོང་རྒྱུའི་རེ་ངན་བཅངས་པའི་ཆབ་སྲིད་ཀྱི་ཡུལ་གྱར་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཏཱ་ལ་ཡིས་ཐོབ་ཐང་དང་མིང་གང་རུང་ཞིག་གི་ཐོག་ནས་རྒྱལ་ཁབ་གང་རུང་ཞིག་ཏུ་བསྐྱོད་དེ་ཀྲུང་གོར་རྒོལ་བ་དང་ཀྲུང་གོ་ཁ་བྲལ་གཏོང་བའི་བྱ་ངན་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་གང་རུང་ཞིག་གི་གཞུང་ཕྱོགས་མི་སྣས་རྣམ་པ་གང་རུང་ཞིག་གི་ཐོག་ནས་ཁོ་དང་འབྲེལ་བ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་ཀྲུང་གོར་རྒོལ་བ་དང་ཀྲུང་གོ་ཁ་བྲལ་གཏོང་བའི་ངོ་བོ་གསལ་རྟོགས་བྱེད་པ་དང་། ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་དོ་ཁུལ་བྱས་དོན་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ་བྱ་ཐབས་ནུས་ལྡན་ལག་བསྟར་བྱས་ནས་ཏཱ་ལའི་ཕྱོགས་མྱུལ་ངན་འབྲེལ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མེད་པར་བཟོས་ཏེ་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགལ་རྐྱེན་མི་ཡོང་བར་བྱ་དགོས་པའི་སྐུལ་མ་གཏོང་གི་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།