འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་ས་རྒྱུ་དང་འབྲེལ་བ་ཡོད་པའི་གཅུན་སྡོམ་
    རང་བཞིན་གྱི་དམིགས་ཚད་གཉིས་གསར་དུ་བསྣན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིན་གིས་ངོ་སྤྲོད་བྱས་པར། 《“ལོ་ལྔ་ཚན་བཅུ་གསུམ་པའི”སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཆར་གཞི》ཞེས་པའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་བཏོན་པའི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་བཅུའི་རྨང་གཞིའི་ཐོག་སླར་ཡང་སྦགས་བཙོག་ཆགས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་དང་སྦགས་བཙོག་ས་ལྷེབ་བདེ་འཇགས་ངང་སྤྱོད་ཚད་ཀྱི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་གཉིས་གསར་དུ་བསྣན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཚམས་སུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་བཅུ་གཉིས་ཟིན་ཡོད་པ་རེད།
         དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ཀྲའོ་དབྱིང་མིན་གྱིས་གཅུན་སྡོམ་རང་བཞིན་གྱི་སྟོན་རྟགས་12སོ་སོ་ནི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་དང་། རྡུལ་དངོས་ཕྲ་མོ་ས་ཁུལ་རིམ་པའི་གྲོང་ཁྱེར་དང་དེ་བཞིན་དེ་ཡན་གྲོང་ཁྱེར་གྱི་སྟུག་ཚད་ལ་མི་སླེབས་པ། ས་ངོས་ཀྱི་ཆུའི་སྤུས་ཚད་རིམ་པ་གསུམ་གྱི་ཆུའི་བསྡུར་ཚད་ལ་སླེབས་པའམ་ཡང་ན་དེ་ལས་ལེགས་པ། ས་ངོས་ཀྱི་ཆུའི་སྤུས་ཚད་རིམ་པ་ལྔ་ལས་ཞན་པའི་ཆུའི་བསྡུར་ཚད། ནགས་ཚལ་ཁྱབ་ཚད། ནགས་ཚལ་གསོག་ཚད། སྦགས་བཙོག་ཆགས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད། སྦགས་བཙོག་ས་ལྷེབ་བདེ་འཇགས་ངང་སྤྱོད་ཚད། རྫས་འགྱུར་གྱི་གསོ་རླུང་མཁོ་ཚད། ཨན་དང་ཏན་དང་། དབྱང་གཉིས་ལིའུ་རྫས། ཏན་དབྱང་འགྱུར་རྫས་བཅས་ཀྱི་སྦགས་བཙོག་འབུད་ཚད་བསྡོམས་འབོར་བཅས་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔར་རང་རྒྱལ་དུ་སྦགས་བཙོག་ས་ལྷེབ་དང་རྨོ་ཞིང་གིས་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་གནད་དོན་མངོན་གསལ་དོད་པའི་ཐོག་ས་ཁུལ་ཁག་གཅིག་གི་སྦགས་བཙོག་ས་ལྷེབ་ཀྱི་རིགས་རྙོག་འཛིང་ཆེ་བར་བརྟེན་མིའི་ལུས་པོའི་བདེ་ཐང་དང་སྣོད་བཅུད་ཁོར་ཡུག་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཟོ་གི་ཡོད་པས་སྦགས་བཙོག་ས་ལྷེབ་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལ་འཕྲལ་དུ་ཤུགས་སྣོན་རྒྱག་པ་དང་འབྲེལ་སྦགས་བཙོག་ས་ལྷེབ་ཀྱི་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱས་ནས་བདེ་འཇགས་ངང་སྤྱོད་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།