འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོར་ཉིན་ལྟར་རྒྱགས་ཕྱེ་སྤྲོད་མཁན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ང་ཚོར་ཉིན་ལྟར་རྒྱགས་ཕྱེ་སྤྲོད་མཁན།
         མི་དམངས་དྲ་བའི་འཕྲིན། ཆི་ལི་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་ཤར་གྱི་འགྲམ་དུ་གནས་པ་དང་རི་བོ་ཨན་ཏི་སིའི་ལྷོ་འདབས་སུ་ཆགས་ནས་དེའི་དཀྱུས་རིང་བའི་ས་དབྱིབས་ནི་ཧང་སངས་དགོས་པ་ཞིག་ཡོད་པ་དང་། ས་རྒྱ་ཆེ་བའི་ཀྲུང་གོའི་དབར་ཞི་བདེ་རྒྱ་མཚོས་བར་དུ་བཅད་དེ་རྒྱང་གིས་ཆོད། ས་ཕྱོགས་གཉིས་ཀྱི་སེམས་པ་ཕན་ཚུན་ཉེ་རིང་གང་དུའང་གནས་ཆོག་ཀྱང་གནས་ཡུལ་ས་ཐག་རིང་པོས་ཆོད་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་གཅོད་མི་ཐུབ། ཆི་ལིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གནས་བབ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ལ་ཨ་མེ་རི་ཁ་གླིང་ལྷོ་མའི་ནང་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་དང་པོར་གྱུར་ཡོད།
         ཆབ་སྲིད་དང་དཔལ་འབྱོར་ཙམ་མ་ཟད། རྩོམ་རིག་ཐོག་ནས་ཀྱང་ཀྲུང་གོ་དང་ཆི་ལིའི་དབར་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། པེ་ཅིང་སྤྱི་གླིང་ནང་ཆི་ལིའི་སྙན་ངག་པ་ནེ་ལུའུ་ཏའི་གཟུགས་བརྙན་ཞིག་ཀྲོང་ངེར་འགྱིངས་ནས་མི་རྣམས་ལ“ངས་ངའི་སྐད་ཆ་མུ་ཏིག་སྟར་ལ་བརྒྱུས་པའི་མགུལ་རྒྱན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་ལྟར་དུ་སྣང་། གཞོན་ནུ་ཚོའི་ཟིན་བྲིས་དེབ་ནང་པོ་ལ་ཉི་ཨའོ་ཡི་དེབ་ཀྱི་ཁ་བྱང་མང་པོ་བྲིས་ཡོད། རྩོམ་རིག་ནི་ངོ་མཚར་ཆེ་བའི་མེ་ལོང་དང་འདྲ་བས་སྐད་བརྡ་མི་འཕྲོད་པ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཏེ། ཀྲུང་གོའི་ཀློག་པ་པོར་ཆི་ལིའི་ཕུན་སུམ་ཚོགས་པའི་སྙན་ངག་གི་འཇིག་རྟེན་ཞིག་མིག་ལམ་དུ་བསྟན་ཡོད།
             པ་པོ་ལུའོ་·ནེ་ལུའུ་ཏ་ནི་རང་རྒྱལ་གྱི་ཀློག་པ་པོས་རྒྱུས་ལོན་སྔ་བའི་སི་ཕེན་བའི་སྐད་ཡིག་གི་སྙན་ངག་རྩོམ་མཁན་ཞིག་ཡིན། 1951ལོའི་ཟླ་8པར་ཁོང་གིས་རྒྱལ་སྤྱིའི་ཞི་བདེ་ཨུ་ལྷན་གྱི་ཚབ་བྱས་ཏེ་པེ་ཅིང་ལ་ཡོང་བ་དང་དེ་དུས་སུང་ཆིང་ལིན་ལ་སི་ཏ་ལིན་རྒྱལ་སྤྱིའི་ཞི་བདེའི་བྱ་དགའ་སྤྲད་ཅིང་། དེ་ནི་ནེ་ལུའུ་ཏ་ཀྲུང་གོར་ཡོང་ཐེངས་གཉིས་པ་ཡིན་པ་རེད། བགྲང་བྱ་20ལྷག་གོང་ལོ་སུམ་ཅུར་མ་སླེབས་པའི་སྙན་ངག་པ་དེ་ཧྲང་ཧའེ་བརྒྱུད་འབར་མའི་རང་ཀོང་ལ་ཁེ་སྐྱོང་བ་བྱེད་པར་བསྐྱོད་པ་དང་། དེའི་རིང་ཧྲང་ཧའེ་ཡི་སྣང་ཚུལ་མི་འདྲ་མིན་སྣ་ཚོགས་མཐོང་བ་མ་ཟད། ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་ཀྲུང་གོའི་དབུལ་ཞིང་ཉམ་ཐག་གི་གནས་སྟངས་དངོས་སུ་མཐོང་།
         ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་གསར་རྙིང་བརྒྱུད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་མངོན་སུམ་དུ་མཐོང་བའི་ནེ་ལུའུ་ཏའི་སེམས་ལ་གཡོ་འགུལ་ཐེབས་ཏེ་སྙན་ཚིག་《ཀྲུང་གོར་གུས་འདུད་ཞུ་》ཞེས་པ་བརྩམས་ནས་ཤར་ཕྱོགས་སུ་བཙུགས་མ་ཐག་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་བཅིངས་འགྲོལ་ལ་བསྟོད་གླུ་ཕུལ་ཡོད།
         ནེ་ལུའུ་ཏ་ཆུང་དུས་བློ་རིག་བཀྲ་བས། ལོ་བཅུ་གསུམ་ལ་སླེབས་པའི་སྐབས་ས་གནས་དེའི་དུས་དེབ་ཐོག་རྩོམ་ཡིག་འབྲི་ཡི་ཡོད། ལོ་ཉི་ཤུའི་སྐབས་《སྙན་ཚིག་ཉི་ཤུ་དང་རེ་ཐག་ཆད་པའི་སྐྱོ་གླུ་གཅིག་》ཅེས་པ་བརྩམས་ནས་སྙན་ངག་པའི་ཁྲོད་མཚན་སྙན་རྒྱས་ཏེ་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། སི་ཕེན་བའི་སྐད་ཡིག་ནས་དེང་རབས་ཀྱི་བརྩེ་བ་མཚོན་པའི་སྙན་ངག་མཁན་པོའི་ཅོད་པན་ཐོབ།
         1971ལོར“སྙན་ངག་ལ་རང་བྱུང་གི་སྟོབས་ལྟ་བུའི་ནུས་པ་ཡོད་པས་སྐམ་ས་ཆེ་མོ་་ཞིག་གི་ལས་དབང་དང་ཕུགས་འདུན་འགྲུབ་སླར་གསོ་བྱ་རྒྱུར་ནུས་པ་ཐོན་པའི”དབང་གིས་ནེ་ལུའུ་ཏར་ནོ་པེར་གྱི་རྩོམ་རིག་གཟེངས་རྟགས་ཐོབ། གཟེངས་རྟགས་ཐོབ་པའི་མྱོང་ཚོར་བརྗོད་སྐབས། ཁོང་གིས་སྙན་ངག་པ་ནི“ང་ཚོར་ཉིན་ལྟར་རྒྱགས་ཕྱེ་སྤྲོད་མཁན་དང་གཅིག་པ་ཡིན”ཞེས་བཤད་དེ་སྙན་ངག་པའི་འགན་འཁྲི་ནི་འགྲོ་བ་མིར“རྒྱཌ་ཕྱེ་དང་། བདེན་དོན། བདུད་རྩི། ཕུཌ་བསམ”བཅས་སྤྲོད་མཁན་ཞིག་ཡིན་པ་མ་ཟད། ཉིན་ལྟར“སྙན་ངག་དེ་དུས་རབས་སོ་སོའི་བརྗོད་དོན་དང་སྦྲེལ”ནས་དུས་རབས་སོ་སོས“སྙན་ངག་ལ་ཡུལ་ཁམས་ཡངས་པོ་ཞིག་འབྱེད”རྒྱུར་གཞོལ་རྒྱུ་ཞིག་ཀྱང་ཡིན་ཞེས་བཤད།
         “སྙན་ངག་གྱེར་འདོན་བྱས་པ་ངལ་བ་འབྲས་མེད་དུ་འགྱུར་མི་སྲིད”—— ནེ་ལུའུ་ཏས།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།