འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སུམ་རྩེན་ཨང་གཉིས་པའི་གྲུ་ཚང་གི་བར་སྣང་བཀོལ་སྤྱོད་མ་ལག་གི་ཚོད་ལྟའི་སྒྲིག་ཆས་དང་
    དངོས་དཔེ་ཁག་གཅིག་ཚུར་བསྡུ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་21ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུ་དང་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་ཁ་མ་གྱེས་གོང་འཇིག་རྟེན་འཕུར་སྐྱོད་པས་སུམ་རྩེན་ཨང་གཉིས་པའི་གྲུ་ཚང་གི་བར་སྣང་བཀོལ་སྤྱོད་མ་ལག་གི་ཕྱོགས་བསྡུས་རྒྱུ་ཆའི་སྒྲིག་ཆས་ཚོད་ལྟའི་དངོས་དཔེ་ཁག་ཐེངས་གཉིས་(ཁྱོན་ཁག་ཐེངས་བཅུ་གཉིས)དང་རིམ་མཐོའི་རྩི་ཤིང་གསོ་འདེབས་ཚོད་ལྟའི་ཕྱིར་ལོག་སྡེ་ཁག་གཉིས་ལྷ་གྲུ་ཨང་11པའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནང་སྤོས་པ་རེད།
         ཟླ་11ཚེས་18ཉིན་གྱི་ཆུ་ཚོད་13དང་སྐར་མ་59ཡི་ཐོག་ལྷ་གྲུ་ཨང་11པའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་འབབ་ཡུལ་གཙོ་བོར་བདེ་བླག་ངང་བབས་ནས་ཕྱོགས་བསྡུས་རྒྱུ་ཆའི་ཚོད་ལྟའི་དངོས་དཔེ་དང་རིམ་མཐོའི་རྩི་ཤིང་གསོ་འདེབས་ཚོད་ལྟའི་ཚུར་ལོག་སྡེ་ཁག་ཀྱང་ཚུར་ལོག་གྲུ་ཚང་དང་མཉམ་དུ་ཆག་སྐྱོན་མེད་པའི་ངང་ཚུར་བསྡུ་ཐུབ་ནས་དེ་ཉིན་ཆུ་ཚོད་19ཙམ་ལ་པེ་ཅིང་དུ་བསྐྱལ་བ་དང་། གནམ་ཐང་དུ་བར་སྣང་བཀོལ་སྤྱོད་མ་ལག་རྩིས་སྤྲོད་བྱས་པ་དང་འབྲེལ་ཀྲུང་གོ་ཚན་རིག་ཁང་དུ་བདེ་བླག་ངང་དབོར་བ་རེད། བར་སྣང་བཀོལ་སྤྱོད་མ་ལག་གི་སྤྱི་ཡོངས་དང་འབྲེལ་ཡོད་མི་སྣས་ཚོད་ལྟའི་དངོས་དཔེ་གཞི་རྩའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་ཚུར་ལོག་དངོས་དཔེ་ཆག་སྐྱོན་མེད་པ་ཁས་ལེན་བྱུང་རྗེས་འབྲེལ་ཡོད་ཚོད་ལྟའི་ཚན་རིག་མཁས་ཅན་ལ་བདེ་བླག་ངང་རྩིས་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།