འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གློག་དྲ་ཨ་མའི་ཁྱབ་ཚད་80%ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་གི་ཆན་ཧྥུའུ་110ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བེད་སྤྱོད་བྱེད་འགོ་ཚུགས་པ་དེའི་ཐོག་ནས་བོད་ཀྱི་གློག་དྲ་གཙོ་བོས་ལྗོངས་ཡོངས་ཀྱི་རྫོང་59ལ་ཁྱབ་ནས་ཁྱབ་ཚད་80%ཙམ་ཟིན་པ་མཚོན་ཡོད་ལ། དེས་2020ལོར་བོད་ཀྱི་གློག་དྲ་ཨ་མ་དེ་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤན་རྩ་རྫོང་ལ་དེ་སྔ་གློག་དྲ་ཆུང་ངུ་ཁེར་ཚུགས་མ་ཞིག་ལས་མེད་ལ། 2015ལོའི་ལོ་མཇུག་ཏུ་ཆན་ཝ་500ཅན་གྱི་ཆུ་གློག་འཕྲུལ་ཚན་གཅིག་གིས་གློག་མཁོ་འདོན་བྱེད་ཀྱི་ཡོད་པས་ཤན་རྩ་རྫོང་གི་རྫོང་གྲོང་དང་ཞིང་འབྲོག་པ་ཁག་གཅིག་གི་གློག་སྤྱོད་དགོས་མཁོ་ལས་སྐོང་ཐུབ་ཀྱི་མེད་པ་རེད། ཐེངས་འདིའི་གློག་དྲ་སྒྱུར་བཅོས་ཀྱིས་ཤན་རྩ་རྫོང་གི་གློག་དྲ་ཁེར་སྤྱོད་ཀྱི་ལོ་རྒྱུས་རྦད་དེ་མཇུག་སྒྲིལ་པ་དང་ཆབས་ཅིག་རྫོང་དེའི་དུད་ཚང་1400ལྷག་ཙམ་གྱི་མི་5000ལྷག་གི་གློག་སྤྱོད་གནད་དོན་ཐག་བཅད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།