འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་དུ་ས་ཡོམ་རིམ་པ་4.8བྱུང་ཞིང་སྡོད་ཁང་ཁ་
    ཤས་གས་ཆག་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་དུ་ས་ཡོམ་རིམ་པ་4.8བྱུང་ཞིང་སྡོད་ཁང་ཁ་
ཤས་གས་ཆག་ཤོར་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་བརྟག་དཔྱད་ཁང་གིས་དངོས་སུ་ཚད་འཇལ་བྱས་པར་གཞིགས་ན། 2016ལོའི་ཟླ་11ཚེས་18ཉིན་གྱི་ཆུ་ཚོད་5དང་སྐར་མ་45ཡི་ཐོག མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་32.6དང་གཞུང་ཐིག་ཤར་མ་ཏུའུ་96.1མཚམས་)དུ་ས་ཡོམ་རིམ་པ་4.8བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་5ཡོད་ཅིང་། ཡོམ་དཀྱིལ་ནི་ནང་ཆེན་རྫོང་དང་བར་ཐག་སྤྱི་ལེ་50ཡོད་པ་དང་། ཡུལ་ཤུལ་ཁུལ་དང་བར་ཐག་སྤྱི་ལེ་95ཡོད་ཅིང་། བར་ཐག་ཉེ་ཤོས་་སྦྱོར་ར་ཤང་དང་སྤྱི་ལེ་6ཙམ་ལས་མེད་པ་རེད།
         ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་འཕྲལ་མར་Ⅳརིམ་པ་དང་ལེན་ཞུས་པ་དང་། འཕྲལ་བསྟུན་མི་སྣ་དེ་མར་ལས་གནས་སུ་འབྱོར་བར་བྱས་པ་རེད། ནང་ཆེན་རྫོང་གི་ཁོངས་གཏོགས་སུ་ཤང་དང་གྲོང་རྡལ་བཅུ་ཡོད་པ་དང་། མི་གྲངས་ཁྲི་11.8ཡོད། སྦྱོར་ར་ཤང་གི་ཁོངས་གཏོགས་སུ་གྲོང་ཚོ་7དང་མི་གྲངས་8000ཡོད་པ་རེད།
         ཆ་རྒྱུས་རགས་ཙམ་ལོན་པར་གཞིགས་ན། ནང་ཆེན་རྫོང་དུ་ཡོམ་ཚོར་དྲག་པོ་བྱུང་བ་དང་། ཡུལ་ཤུལ་ཁུལ་དུའང་ཡོམ་ཚོར་ཕྲན་བུ་ཡོད་པ་རེད། ནང་ཆེན་རྫོང་ས་ཡོམ་ཅུས་ཀྱིས་སྦྱོར་ར་ཤང་དུ་མི་སྣ་མངགས་གཏོང་བྱས་ཏེ་གནས་ཚུལ་དངོས་ཆ་རྒྱུས་ལེན་བཞིན་ཡོད་པ་རེད།
         ནང་ཆེན་རྫོང་ས་ཡོམ་ཅུས་ཀྱི་ལས་བྱེད་མི་སྣས་ཁ་པར་ཐོག་ནས་ཆ་རྒྱུས་བྱུང་བ་ལྟར་ན། སྦྱོར་ར་ཤང་གི་ཤང་གྲོང་གནས་ཡུལ་དུ་ཡོམ་ཚོར་དྲག་པོ་ཡོད་པ་རེད། ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་ཁ་ཤས་ཀྱི་སྡོད་ཁང་གས་ཆག་བྱུང་ཡོད་པ་དང་། དབྱར་སའི་སྡོད་ཁང་ཁ་ཤས་བརྡིབས་ཡོད་པ་རེད། གནས་ཚུལ་གཞན་དག་ཆ་རྒྱུས་ལེན་སྒང་ཡིན་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ནང་ཆེན་རྫོང་ཉེ་འཁོར་གྱི་རྫ་སྟོད་རྫོང་མཁར་ཏུ་ཡོམ་ཚོར་ཕྲན་བུ་ཡོད་པ་དང་། ཡོམ་དཀྱིལ་དང་བར་ཐག་སྤྱི་ལེ་55ཙམ་ཡོད་པའི་རྫ་སྟོད་རྫོང་གི་རྣམ་སྲས་ཤང་དུ་ཡང་ཡོམ་ཚོར་ཡོད་ཀྱང་། ད་བར་མི་སྣ་དང་རྒྱུ་དངོས་ལ་གྱོད་གུན་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།