འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་དང་ནོར་སྲིད་པུས་ལས་རིགས་སློབ་གླིང་གི་ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན་
    གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། སློབ་གསོ་པུའུ་དང་ནོར་སྲིད་པུས་མཉམ་དུ་《ལས་རིགས་སློབ་གླིང་གི་དགེ་རྒན་གྱི་བྱང་ཚད་མཐོར་གཏོང་འཆར་གཞི(2017-2020ལོ)ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《འཆར་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། དུས་འཁོར་གསར་པའི་ལས་རིགས་སློབ་གླིང་དགེ་རྒན་གྱི་བྱང་ཚད་མཐོར་གཏོང་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཤིང་། 《འཆར་གཞི་》གཞིར་བཟུང་། ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན་གསོ་སྦྱོང་དང་སྦྱོང་བརྡར་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་བྱང་ཚད་ཀྱི་མཉམ་སྒྲུབ་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་སྟེ། སློབ་གྲྭ་དང་ཁེ་ལས་མི་སྣའི་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         མིག་སྔར། ལས་རིགས་སློབ་གླིང་ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་དགོས་ངེས་དང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས་ཟབ་མོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་དཀའ་གནད་གནས་པས། དེ་ནི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་ཚོད་འཛིན་བཟོ་བའི་འཇུར་མིག་དང་ཞན་ཆར་གྱུར་ཡོད། 《བསམ་འཆར་》ནང་ལས་རིགས་སློབ་གླིང་གི་དགེ་རྒན་ཚང་མར་གསོ་སྦྱོང་དང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་དགེ་རྒན་གྱི་ཆེད་ལས་རྩལ་ནུས་གསར་གཏོད་ཀྱི་དཔེ་སྟོན་ཚོགས་པ་གཏོད་པ། དགེ་རྒན་ཁེ་ལས་སུ་ལག་ལེན་བྱེད་པར་འགྲོ་བ་དང་ཁེ་ལས་མི་སྣ་སློབ་གྲྭར་དགེ་རྒན་བྱེད་པར་ཡོང་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་སོགས་ཀྱི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་པ་དང་། དམིགས་ཡུལ་ནི་དགེ་རྒན་གྱི་ཀུན་སྤྱོད་མཆོག་ཏུ་གྱུར་པ་དང་། བྱང་ཚད་ལེགས་པ། རྩལ་ནུས་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ། ཆེད་ལས་དང་ལས་ཞོར་ཟུང་འབྲེལ་བྱེད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཐོབ་ཐང་གཉིས་ལྡན་གྱི་དགེ་རྒན་དཔུང་ཁག་མགྱོགས་མྱུར་གཏོད་ཆེད་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།