འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་སོགས་ཀྱིས་གོ་ལ་ཧྲིལ་པོའི་ཞིང་ལས་གྲངས་གཞི་
    ཆེ་མོ་དང་ཆ་འཕྲིན་ཞབས་ཞུའི་མནའ་འབྲེལ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ཞིང་ལས་པུའི་ཐད་གཏོགས་བྱ་གཞག་ཚན་པ་དང་། ས་གནས་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ། ཞིང་ལས་ཕྱིར་སྐྱོད་ཁེ་ལས། གཙོ་གནད་ཞིང་ལས་མཐོ་རིམ་སློབ་གླིང་སོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཞིང་ལས་གྲངས་གཞི་ཆེ་མོ་དང་ཆ་འཕྲིན་ཞབས་ཞུའི་མནའ་འབྲེལ་སྐུལ་སློང་དང་བཅས་བཙུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལ་ཧྲིལ་པོའི་ཞིང་ལས་གྲངས་གཞི་ཆེ་མོ་དང་ཆ་འཕྲིན་ཞབས་ཞུའི་མནའ་འབྲེལ་ནི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། 2014ལོའི་ལོ་མཇུག་ཏུ་ཞིང་ལས་པུའུ་དང་ནོར་སྲིད་པུས་རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་ཕུའུ་ཡིས་ཚན་རྩལ་ཐོན་ཁུངས་མཉམ་སྐྲུན་དང་མཉམ་སྤྱོད་ཏན་ཏིག་བྱ་རྒྱུ་དེ་2016ལོའི་མནའ་འབྲེལ་གྱི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན་པ་ཁ་གསལ་བཏོན་པ་རེད།
          ཞིང་ལས་པུའི་ཏང་ཙུའི་ཁོངས་མི་དབྱང་ཧྲའོ་ཕིན་གྱིས་རང་རྒྱལ་གྱི་ཞིང་ལས་ཕྱིར་སྐྱོད་པར་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་འདེགས་སྐྱོར་དགོས་མཁོ་ཆེན་པོ་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཕྱི་རྒྱལ་ཞིང་ལས་ཞིབ་འཇུག་ལྟེ་གནས་ཀྱིས་གོ་ལ་ཧྲིལ་པོའི་ཞིང་ལས་གྲངས་གཞིའི་བརྟག་དཔྱད་དབྱེ་ཞིབ་མ་ལག་དང་ཞིང་ལས་ཕྱི་ཕྱོགས་མཉམ་ལས་ཀྱི་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སྐྲུན་པར་བརྟེན་ནས་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་རིམ་སློབ་གྲྭ ཞིང་ལས་ཁེ་ལས། གྲངས་གཞི་ཆེ་མོའི་ལག་རྩལ། དྲ་སྦྲེལ་ཁེ་ལས་སོགས་གཅིག་ཏུ་བསྡུས་པའི་མནའ་འབྲེལ་ཁེ་ལས་བཙུགས་ནས་ཕྱོགས་ཁག་གི་རིག་སྟོབས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དེས། ཞིང་ལས་ཕྱིར་སྐྱོད་ཀྱི་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།