འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་ལས་རིམ་རྩིས་བྱས་ན་རིན་མི་དགོས་པར་བྱིས་པ་
    འོན་པ་ཁྲི་གཉིས་ལྷག་ཙམ་ལ་མིས་བཟོས་རྣ་འཁྱིལ་བསྒར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི“སྐབས་བཞི་པའི་ཀྲུང་གོའི་ཐོས་ནུས་གླེང་སྟེགས”ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་དཀའ་ངལ་ཆེ་བའི་བྱིས་པ་འོན་པ་དབུལ་པོར་རོགས་སྐྱོབ་རྣམ་གྲངས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག བྱིས་པ་འོན་པ་དྲག་སྐྱེད་བྱུང་ཚུལ་སྔར་བས་ལེགས་སུ་སོང་ཞིང་། རིམ་རྩིས་བྱས་ན་མིག་སྔའི་བར་རྒྱལ་ཁབ་ཀྱི་རྣམ་གྲངས་ལག་ལེན་བསྟར་ཏེ་རིན་མི་དགོས་པར་བྱིས་པ་འོན་པ་22613ལ་མི་བཟོས་རྣ་འཁྱིལ་བསྒར་བ་དང་། བྱིས་པ་འོན་པ་27000ལ་ཉན་ཕན་ཡོ་བྱད་སྤྲད་པ། བྱིས་པ་འོན་པ་61700ལ་དར་མའི་ཉན་ཕན་ཡོ་བྱད་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དྲུག་པར་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་ཐུན་མོང་ཐོག་ 《དབང་པོ་སྐྱོན་ཅན་གྱི་གནད་སྨིན་དྲག་སྐྱེད་ཞབས་ཞུའི་བྱ་སྤྱོད་ལག་བསྟར་ཇུས་གཞི་》བཟོས་པ་དང་། ཟླ་བརྒྱད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཆག་སྔོན་འགོག་བྱ་སྤྱོད་འཆར་གཞི(2016ལོ་ནས་2020ལོ་བར)》པར་འགྲེམས་བྱས་ཡོད་པ་རེད། རང་རྒྱལ་དུ་དབང་པོ་སྐྱོན་ཅན་ཁྲི་8300ཡོད་པའི་ནང་ཐོས་ནུས་ཉམས་པའི་དབང་པོ་སྐྱོན་ཅན་ཁྲི་2780ཡོད་པ་དང་། ལོ་མ་ཟིན་པ་ནས་ལོ་དྲུག་བར་གྱི་བྱིས་པ་ཁྲི་13.7ལ་ཆུང་དུས་ནས་རོགས་སྐྱོབ་བྱས་པ་བརྒྱུད་མང་ཆེ་བ་སློབ་གྲྭ་དཀྱུས་མར་བསྐྱོད་ཐུབ་པ་བྱུང་ཡོད། དེས་ན་དབང་པོ་སྐྱོན་ཅན་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་རྒྱུ་དང་དབང་པོ་སྐྱོན་ཅན་ལ་གནད་སྨིན་དྲག་སྐྱེད་ཞབས་འདེགས་ཞུ་རྒྱུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་གཙོ་གནད་དོ་ཁུར་བྱེད་པའི་ལས་དོན་ཞིག་ཏུ་གྱུར་རྒྱུ་ལས་ཐོས་ནུས་ཉམས་རྒྱུ་སྔོན་འགོག་དང་འོན་པ་དྲག་སྐྱེད་བྱ་གཞག་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཞིག་ཡོང་རྒྱུ་དང་འཕེལ་རྒྱས་ཀྱི་བར་ཁམས་ཞིག་ཡོང་རྒྱུ་རེད། དུས་མཚུངས་སུ། ང་ཚོར་འགྲན་སློང་དྲག་པོའང་འཕྲད་རྒྱུ་ཡིན་པས་ང་ཚོས་ཐབས་ལམ་མང་པོ་དང་ཁྱབ་ཁོངས་མང་པོའི་རིག་གཞུང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་སྐབས་དམ་འཛིན་དང་འགྲན་སློང་བསུ་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།