འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་ལས་རིགས་ཁག་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་150འཁོར་བར་
    དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་ཤང་ཀང་ལས་རིགས་ཁག་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཤང་ཀང་དུ་འཚོགས་པ་རེད། ཐེངས་འདིའི་དྲན་གསོ་ཚོགས་ཆེན་ནི་ཚོགས་པ་51གིས་མཉམ་དུ་རོགས་འདེགས་བྱས་ནས་འཚོགས་པ་ཡིན་ཞིང་། མཚོ་འགག་ངོགས་གཉིས་དང་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ལས་རིགས་ཁག་གི་འཐུས་ཚབ་དང་། སུན་ཀྲུང་ཧྲན་གྱི་རྗེས་རབས་པ་དང་གཉེན་ཉེ། དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་བཅས་1200ལྷག་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་དང་། ཤང་ཀང་དུ་རིགས་མཚུངས་དྲན་གསོའི་བྱེད་སྒོ་ཁྲོད་ཀྱི་གཞི་རྒྱ་ཆེ་ཤོས་ཡིན་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ལིའང་ཀྲེན་ཡིང་། ཞང་ཀང་ལ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཞའོ་མིང་། དེ་བཞིན་ཐའེ་ཝན་ཏང་གསར་པའི་ཀྲུའུ་ཞི་ཡུས་མུའུ་མིང་། སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཡང་ཚ་བོའི་བུ་སུན་པི་ཏ་སོགས་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་སྐུ་མགྲོན་གཙོ་བོ་ཡང་གནང་བ་རེད།
        ཏུང་ཅན་ཧྭ་ཡིས་སུན་ཀྲུང་ཧྲན་གྱིས་མི་ཚེ་གཅིག་ལ་མི་རིགས་རང་བཙན་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་བའི་ཆེད་དུ་འབད་པ་ལྷོད་མེད་གནང་སྟེ་ལོ་རྒྱུས་ཀྱི་མཛད་རྗེས་སུབ་ཐབས་མེད་པ་བཞག་ཡོད་པ་རེད། སུན་ཀྲུང་ཧྲན་གྱི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་ལ་སྐུལ་མ་བཏང་དང་གཏོང་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།